| | e-texts navigator
|
204b1 དང་དངུལ་སྤངས་པ་སྟེ། དེ་བས་ན་བཟློག་པའི་དོན་དུ་ཨཾ་ཞེས་བྱའོ།། ཨ་ཞེས་བྱ་བ་ནི་ཐེག་པ་མཆོག་གི་དོན་ཏེ། དེ་བས་ན་ཨ་ཞེས་བྱ་སྟེ། དེ་བཞིན་དུ་སངས་རྒྱས་ཀྱིས་གསུངས་པའི
204b2 མདོ་སྡེ་ཐམས་ཅད་དང་། རྒྱུད་ཐམས་ཅད་ཀྱི་མཐའ་ནི་ཐེག་པ་ཆེན་པོ་ཡིན་ནོ།། ཀ་ཞེས་བྱ་བ་ནི་སྙིང་རྗེས་སེམས་ཅན་ཐམས་ཅད་ལ་སྒྲ་གཅན་ཟིན་བཞིན་དུ་ལྟ་བའི་དོན་ཏེ། བདག་གིས
204b3 སེམས་ཅན་ཐམས་ཅད་ཀྱི་དོན་བྱའོ་སྙམ་དུ་དེ་ལྟར་བསམ་པར་བྱ་བ་ཡིན་པས་ན་དེའི་ཕྱིར་ཀ་ཞེས་བྱའོ། ། ལ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་གསང་བའི་དོན་ཏེ། མི་བཟུངས་པ
204b4 རྣམས་ཀྱིས་ཤེས་པར་མི་ནུས་པས་ན་དེའི་ཕྱིར་ལ་ཞེས་བྱའོ། ། ག་ཞེས་བྱ་བ་ནི་སྙིང་པོའི་དོན་ཏེ། སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པས་ན་དེའི་ཕྱིར་ག་ཞེས
204b5 བྱའོ། ། གྷ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་གསུང་རྟག་ཅེས་བྱ་བའི་དོན་ཏེ།། དེ་བས་ན་དེ་བཞིན་གཤེགས་པ་ནི་རྟག་པ་ཡིན་ནོ།། ང་ཞེས་བྱ་བ་ནི་འདུ་བྱེད་འཇིག་ཅེས་བྱ་བའི་དོན་ཏེ
204b6 དེ་བས་ན་ང་ཞེས་བྱའོ། ། ཙ་ཞེས་བྱ་བ་ནི་སྤྱོད་པའི་དོན་ཏེ། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བས་ན་དེའི་ཕྱིར་ཙ་ཞེས་བྱའོ།། ཚ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་དཀར
204b7 པོའི་ཆོས་རྣམས་ཀྱི་གདུགས་གཅིག་པ་ལམ་མེར་བཞུགས་པ་ཡིན་ཏེ། དེ་བས་ན་ཚ་ཞེས་བྱའོ།། ཛ་ཞེས་བྱ་བ་ནི་ཛ་དང་འདྲ་བར་ཐར་པ་དེ་ཞིགས་པ་མ་ཡིན་ཏེ། དེ་བས་ན་ཛ་ཞེས་བྱའོ།།
iiif viewer powered by OpenSeadragon
204a - 205a