| | e-texts navigator
|
203b1 དེའི་ཕྱིར་དེ་ལ་འཇིག་རྟེན་སྐྱོང་བ་ཞེས་བྱའོ།། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་ཆེན་པོ་འདི་ནི། སེམས་ཅན་གཞན་དག་གི་དོན་གྱི་ཕྱིར་དབང་ཕྱུག་རྣམས་ཀྱིས་ཞུས་སོ།། དབ
203b2 ཕྱུག་རྣམས་ཀྱིས་ཡོངས་སུ་བཟུང་ངོ་། ། དབང་ཕྱུག་རྣམས་ཀྱིས་བཤད་དོ།། དབང་ཕྱུག་རྣམས་ཀྱིས་དམ་པའི་ཆོས་མཆོག་ཏུ་འབར་བར་བྱེད་དོ།། དབང་ཕྱུག་རྣམས་ཀྱི་ཕྱིར་ངས་བསྟན་ཏེ།
203b3 ངས་ཅི་བསྟན་ཅེ་ན། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་བསྟན་ཏོ།། དེ་བས་ན་དབང་ཕྱུག་དབང་ཕྱུག་དང་ལྡན་པ་རྣམས་ཀྱི་ཤིན་ཏུ་རྒྱས་པ་ཡིན་ཏེ། འདི་ལ་ཕྲག་དོག་བྱེད
203b4 བ་རྣམས་ནི་ཞིང་ལ་ཞིང་གི་ངོ་བསལ་བ་བཞིན་དུ་ཚར་གཅད་པར་བྱའོ། ། དེ་ལ་སོགས་པའི་དོན་དུ་མ་རྒྱས་པར་བྱེད་པ་ན་དེའི་ཕྱིར་ངས་ཨཱི་ཞེས་བྱ་བ་བསྟན་ཏོ།། ཨུ་ཞེས་བྱ་བ་ནི་རྒྱུད་ཕྱི་མ་སྟེ།
203b5 མདོ་སྡེ་འདིས་མདོ་སྡེ་ཐམས་ཅད་ཀྱི་དོན་ཕྱི་མའི་ཡང་ཕྱི་མ་བསྟན་ཏོ།། ངས་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་སྔོན་མ་ཐོས་པའི་ཡི་གེ་གཅིག་པ་འམ་ཐིག་ལེ་གཅིག་བསྟན་ཏོ།།
203b6 མདོ་ཆེན་པོ་འདི་ནི་མཆོག་དམ་པ་ཡིན་ཏེ། དཔེར་ན་བྱང་གི་སྒྲ་མི་སྙན་གྱི་སེམས་ཅན་རྣམས་བསོད་ནམས་དང་ལྡན་པ་དེ་བཞིན་དུ། མདོ་སྡེ་ཆེན་པོ་འདི་ཉན་པ་གང་ཡིན་པ་དེ་དག་ནི
203b7 འཇིག་རྟེན་ལས་འདས་པ་སྟེ། དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡིན་པར་རིག་པར་བྱའོ།། དེ་བས་ན་ཆེ་བ་ཞེས་བྱ་སྟེ། རྒྱུད་ཕྱི་མ་ཞེས་བྱ་བའི་དོན་ཏོ།།
iiif viewer powered by OpenSeadragon
203a - 204a