| | e-texts navigator
|
202a1 ལོག་པར་ལྟ་བ་གཅིག་ནས་གཅིག་ཏུ་བརྒྱུད་དེ་འོངས་པ་ཡིན་ཏེ། དོན་དུ་འགྱུར་བ་དང་བདེ་བར་འགྱུར་བ་མ་ཡིན་ནོ།། དེ་བས་ན་ངས་བདག་མེད་པ་བསྟན་ཏོ།། འོན་ཀྱང
202a2 རུང་ཡང་འཇིག་རྟེན་པ་རྣམས་བདག་ཡོད་སྙམ་དུ་ལོག་པར་རྟོག་པར་བྱེད་དོ། ། རིགས་ཀྱི་བུ་དེ་བས་ནི་དེ་ཡང་ངའི་བསྟན་པ་ལས་རལ་གྲི་ཡང་དག་པ་དང་འདྲ་བར་བདག་ནི་འདི་ལྟ་བུ་ཞིག་གོ་ཞེས
202a3 དེ་བཞིན་གཤེགས་པའི་སྙིང་པོ་ངས་བཤད་པར་བྱའོ། ། ལེགས་པར་སྨྲས་པ་ཆོས་དང་འཚམ་པ་གང་ཡིན་པ་དེ་ནི་འཇིག་རྟེན་པ་རྣམས་ཀྱི་ཡོན་ནའང་འཇིག་རྟེན་ལས་འདས་པ་ཡིན་པར་རིག་པར
202a4 བྱའོ། ། འཇིག་རྟེན་པའི་ནང་ན་རྣམ་པ་ཐམས་ཅད་དུ་ཆོས་ཀྱི་མཆོག་ནི་བྱང་ཆུབ་སེམས་དཔས་སྤྲུལ་པ་ཡིན་པར་རིག་པར་བྱ་སྟེ། བསྟན་བཅོས་སམ། རིག་སྔགས་སམ། གསང་སྔགས་ཅིའང
202a5 རུང་བ་དེ་དག་ཐམས་ཅད་ནི་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ་ཡིན་པར་ཤེས་པར་གྱིས་ཤིག། གསོལ་པ། བཅོམ་ལྡན་འདས་ཀྱིས་ཡི་གེའི་ཕྱི་མོ་ཇི་ལྟར་བཀའ་སྩལ་ལགས། བཅོམ
202a6 ལྡན་འདས་ཀྱིས་བཀའ་སྩམ་པ། ཡི་གེའི་ཕྱི་མོ་ཐམས་ཅད་ནི་ཐོག་མར་ཡི་གེ་ཕྱེད་པ་སྤྲུལ་ཏེ། བྱིས་པ་རྣམས་ལ་རིག་སྔགས་དང་། གསང་སྔགས་དང་། ཆོས་ཀྱི་དེ་ཁོ་ན་ཉིད་དང་། ཕུང
202a7 པོ་ཐམས་ཅད་ཀྱི་གཟུངས་སུ་འགྱུར་བའི་ཕྱིར་རོ། ། དེའང་དམ་པའི་ཆོས་ཀྱི་ཚུལ་གྱི་ཡོ་གེའི་ཕྱི་མོ་བསླབས་ན་ཆོས་དང་ཆོས་མ་ཡིན་པའི་བྱེ་བྲག་ཕྱེད་པར་འགྱུར་བའི་ཕྱིར་ངས་སྤྲུལ་པ་ཡིན་གྱི
iiif viewer powered by OpenSeadragon
201b - 202b