| | e-texts navigator
|
201b1 ནས་ཤིའོ། ། གཞན་ཡང་ཆེའོ་ཅོག་གིས་རལ་གྲི་དེ་བཙལ་ཀྱང་མ་རྙེད་དོ།། དེ་ནས་རྒྱལ་པོའི་བུ་གཞན་ཞིག་རྒྱལ་སར་བཅུག་ནས་དེས་རལ་གྲི་དེ་རྙེད་དོ།། གཞན་དག་ནི་མ་རྙེད་བཞིན་དུ་རྒྱལ་པོ
201b2 བྱེད་དོ། ། དེ་ལྟར་གཅིག་ནས་གཅིག་ཏུ་བརྒྱུད་པའི་རྒྱལ་པོ་དེ་དག་གོས་ནི་རལ་གྲི་དེ་མ་མཐོང་སྟེ། རལ་གྲི་དེ་འདི་ལྟ་བུ་འདི་འདྲ་བ་ཞིག་གོ། ལུག་རུ་འདྲ་བ་ཞིག་གོ།། ར་རུ་འདྲ་བ་ཞིག་གོ་སྙམ
201b3 དུ་རྟོག་པར་བྱེད་དོ། ། ལ་ཅིག་ནི་ཅི་དགའ་དགུར་རྟོགས་པར་བྱེད་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་མཐའི་རྒྱལ་པོའི་བུ་དེ་དང་འདྲ་བར་འཇིག་རྟེན་དུ་བྱུང་སྟེ།
201b4 བདག་གི་དེ་ཁོ་ན་ཉིད་བསྟན་ནས་འཆི་བར་བྱེད་དོ།། དེ་ནས་བློ་ཆུང་བ་གང་ཡིན་པ་དེ་དག་ནི་སེམས་ཅན་ཐམས་ཅད་ལ་བདག་འདི་ལྟ་བུ་ཞིག་འདི་འདྲ་བ་ཞིག་ཡོད་དོ་སྙམ་སྟེ། ལོག་པར་མཐོང་ནས་ཤེས་རབ་མེད་པ
201b5 རྣམས་ལ་རྨི་ལམ་དུ་མི་རྨིས་པ་བཞིན་དུ་སྟོན་པར་བྱེད་དོ། ། འཇིག་རྟེན་པ་དེ་དག་གིས་ཀྱང་དེ་སྐད་དུ་ཐོས་ནས་རང་གི་ལུས་ལ་བདག་གི་ཁམས་ཡོད་དོ་སྙམ་དུ་རྟོག་པར་བྱེད་ལ། དེ་དག་གིས
201b6 བདག་དེའི་རང་བཞིན་ནི་མི་ཤེས་སོ། ། དེ་ལྟར་བྱང་ཆུབ་སེམས་དཔའི་ཚིག་ཐོས་ནས་ལོག་པར་བཟུང་སྟེ་རལ་གྲི་ར་རུ་འདྲ་བར་རྟོག་པ་དེ་བཞིན་དུ་རྣམ་པ་མང་པོར་རྟོག་པར་བྱེད་དོ།། འཇིག་རྟེན
201b7 པ་རྣམས་སྐྱེས་བུ་མཐེ་བོ་ཙམ་ཞེས་བྱ་བ་དང་། ལྡུམ་བུ་ཤ་ཀའི་འབྲས་བུ་ཙམ་དང་། འབྲས་ཀྱི་འབྲུ་ཙམ་ཞིག་སྙིང་ལ་གནས་ཏེ་འབར་རོ་ཞེས་ལོག་པར་རྟོག་པར་བྱེད་དེ། དེ་དག་གི་ལྟ་བ་དེ་ནི
iiif viewer powered by OpenSeadragon
201a - 202a