| | e-texts navigator
|
187a1 བདག་དེའི་ཡང་ཉིང་ལག་ཉམས་པར་འགྱུར་བ་འམ་ལག་རྡུམ་དུ་འགྱུར་བའི་རིགས་ལགས་སོ། ། བཀའ་སྩལ་པ། རིགས་ཀྱི་བུ་དཔེར་ན་རྒྱལ་པོ་ལ་ལ་ཞིག་གིས་གྱད་ཀྱི་དཔྲལ
187a2 བའི་སྨིན་མཚམས་སུ་རིན་པོ་ཆེའི་རྡོ་རྗེ་བཏགས་པ་ལས། བྱད་དེ་གྱད་གཞན་ཞིག་དང་སྟོབས་འགྱེད་དེ། དེ་གཉིས་ལུག་བཞིན་དུ་འགྱེད་པ་ལས། གྱད་ཅིག་ཤོས་ཀྱི་མགོ་བོས་བརྡུངས་ཏེ་ཀྱང
187a3 དེའི་དཔྲལ་བ་བསྣད་པར་བྱས་ནས་སྨིན་མཚམས་ཀྱི་རྒྱན་རིལ་གྱིས་ནང་དུ་ནུབ་པར་བྱས་ན་གྱད་དེས་མ་ཚོར་ཏེ་བདག་གིས་རྡོ་རྗེ་གར་གཞག་ཅིག་གུ་སྙམ་སྟེ། དེས་སྨན་པ་བཀུག་ནས་རྨ་ལ་འཆོས་སུ
187a4 བཅུག་གོ། ། སྨན་པ་དེའང་ཐབས་མཁས་ཤིང་ཡིད་རྣོ་བ་ཞིག་སྟེ། རྨ་འདི་ནི་ནོར་བུ་དེ་ལས་གྱུར་ཏོ་སྙམ་དུ་ཤེས་ནས། རྡོ་རྗེ་དེ་དཔྲལ་བའི་ནང་དུ་ནུབ་ཅིང་འདུག་གོ་སྙམ་སྟེ། དེས་བྱེད་དེ
187a5 ལཀྱེ་མི་ཁྱོད་ཀྱི་ནོར་བུ་དེ་གར་སོང་ཞེས་དྲིས་པ་དང་། དེས་སྨན་པ་དེ་ལ་སྨྲས་པ། ཀྱེ་མ་སྨན་པ་སྨིན་མཚམས་ཀྱི་རྒྱུན་རྡོ་རྗེ་དེ་སྟོར་ཏེ་གོར་མ་ཆག་གོ། ཀྱི་ཧུད་བདག་གིས་གབ་ཙེའི
187a6 ནང་དུ་བཅུག་གམ། གར་བཅུག་པ་མི་ཤེས་ཏེ། སྦོམ་བུའི་ནང་དུ་བཙལ་ནའང་མ་རྙེད་དོ།། ཀྱི་ཧུད་ལུང་གིས་མེད་དོ།། ཆུའི་ཆུ་བུར་བཞིན་དུ་མེད་པར་གྱུར་ན། ཅིའི་སྒྱུ་མ་ལྟ
187a7 བུར་གྱུར་ཏམ་ཞེས་ཟེར་རོ། ། དེ་ནས་དེ་ལ་སྨན་པས་སྨྲས་པ། ཀྱེ་མི་ཁྱོད་དེ་ལྟར་མྱ་ངན་མ་བྱེད་ཅིག། ཁྱོད་ཀྱི་རྡོ་རྗེ་དེ་ནི་རྨའི་ནང་དུ་ནུབ་ནས་ཤ་དང་། ཁྲག་དང་། རྣག་གི་ནང
iiif viewer powered by OpenSeadragon
186b - 187b