| | e-texts navigator
|
186a1 ཤིག་དེ་ལྟར་བསྒོམས་དང་ངར་འཛིན་པ་སྤོང་བར་འགྱུར་རོ། ། ངར་འཛིན་པ་ཡོངས་སུ་སྤངས་ནས་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་རོ་ཞེས་བྱས་ཏེ། ཇི་ལྟར་བྱིས་པའི་མས་རང
186a2 གི་ནུ་མ་ནིམ་པའི་ལོ་མའི་འདའ་གུས་བསྐུས་པ་དེ་བཞིན་དུ། ངས་ཀྱང་ཆོས་ཐམས་ཅད་བདག་མེད་པར་སྟོང་པ་ཉིད་དུ་སྒོམས་ཤིག་ཅེས་བྱས་སོ།། ཇི་ལྟར་བྱིས་པའི་མ་དེས་ཕྱིས་རང་གི་ནུ་མ་བཀྲུས་ཏེ་བུ
186a3 ལ་སྨྲས་པ། སྔར་ནི་ཁྱོད་ཀྱི་སྨན་མར་ཞུ་བར་བྱ་བའི་ཕྱིར་ནུ་མ་ནུར་མ་བཅུག་གིས། ད་ནི་ནུས་ཤིག་ཅེས་ཟེར་བ་དེ་བཞིན་དུ། ངས་ཀྱང་འཇིག་རྟེན་པའི་ཆོས་ལས་བསྒྱུར་བའི་ཕྱིར་དེ་སྐད་ཅེས
186a4 བསྟན་ཏེ་དེ་བདག་མེད་དོ་ཞེས་བྱས་ནས། ད་ནི་ང་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་དོ་ཞེས་སྟོན་གྱིས། དགེ་སློང་དག་བྱིས་པ་བཞིན་དུ་མ་སྐྲག་པར། ཇི་ལྟར་བྱིས་པ་དེས་བརྟག་ནས་ཕྱིར
186a5 ཡང་མའི་ནུ་བར་བྱེད་པ་དེ་བཞིན་དུ། དགེ་སློང་དག་ཁྱེད་ཀྱིས་ཀྱང་བདག་ཅག་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་དོ་སྙམ་དུ་བརྟགས་ནས་བསྒོམ་པ་ལ་བརྩོན་པར་བྱོས་ཤིག་དང་ད་བསྟན་ཏོ།། །
186a6 གསོལ་པ། འདི་ན་བྱིས་པ་བཙས་མ་ཐག་ཏུ་ཤེས་པ་ཆུང་བ། ཤེས་པ་མ་མཆིས་པ་ནི་གསལ་བར་འགྱུར་བའི་མི་རིགས་ལགས་སོ།། གལ་ཏེ་བདག་མཆིས་ན་ནི་ཤེས་པ་དང་བློ་གྲོས་དང་ཡང
186a7 ལྡན་པའི་རིགས་ལགས་སོ། ། གལ་ཏེ་ཤེས་པཞན་པ་ལགས་ན་ནི། གསལ་བར་འགྱུར་བའང་མི་རིགས་པས་ནི་བདག་མ་མཆིས་ཞེས་མཆི་ལགས་སོ།། དེ་ཅིའི་སླད་དུ་ཞེ་ན། བདག་རྟག
iiif viewer powered by OpenSeadragon
185b - 186b