| | e-texts navigator
|
175a1 བཙུན་པ་འདི་ནི་འབྲས་བུ་ཐོབ་པ་སྟེ། སངས་རྒྱས་ཡིན་ནོ་སྙམ་ནས་འཇིག་རྟེན་ཐམས་ཅད་དུ་མཁས་པ་རྣམས་ཀྱི་ནང་དུ་རྫོགས་པར་བྱེད་ཅིང་། བཙུན་མོ་འཁོར་དང་སྲས་རྣམས་པང་།
175a2 སྙན་སྔགས་བཞིན་དུ་མདོ་རྣམས་སློབ་ཏུ་འཇུག་སྟེ། དེ་ལྟར་བྱས་ནའང་སྟོན་པར་བྱེད་པའི་རྒྱལ་པོ་དང་། བློན་པོ་རྣམས་པ་བསོད་ནམས་མང་དུ་འལ་ལ་བར་འགྱུར་རོ།། དགེ་སློང་དེ་ནི་ཚངས་པར་སྤྱོད་པ་ཚུལ་།
175a3 དང་ལྡན་པ་ཙམ་དུ་ཟད་དེ། དགེ་སློང་དེའང་ཕན་པ་བྱུང་བ་མ་ཡིན་ནོ་ཞེས་ང་ཟེར་རོ།། མིའི་ཆོས་ལས་བླ་མར་གྱུར་པ་བྱེད་པ་མ་ཡིན་ཏེ། ཚུལ་ཁྲིམས་དང་ལྡན་པ། འདོད་པ་ཉུང་བ་ཞེས་ང་ཟེར་རོ།།
175a4 དེ་ལྟར་སྟོན་དུ་ཟིན་ཀྱང་། རང་གི་དད་པའི་སེམས་དང་བས་ན་སངས་རྒྱས་ཀྱི་གསུང་རབ་དང་མཐུན་པར་བྱེད་པའི་དགེ་སློང་ལ་ནི་ཉེས་པ་ཅུང་ཟད་ཀྱང་མེད་དོ་ཞེས་ང་ཟེར་རོ།། གཞན་ཡང་འདི་ན་དགེ་སློང
175a5 ལ་ལ་དེ་བཞིན་གཤེགས་པའི་སྙིང་པོའི་མདོ་སྡེ་ཆེན་པོ་སྟོན་པར་བྱེད་དེ། སེམས་ཅན་ཐམས་ཅད་ལ་ནི་སངས་རྒྱས་ཀྱི་ཁམས་ཡོད་ལ། ཁམས་དེ་རང་རང་གི་ལུས་ལ་འཆང་སྟེ། སེམས་ཅན་རྣམས
175a6 ཀྱི་ཉོན་མོངས་པའི་རྣམ་པ་ཟད་པར་བྱས་ནས་སངས་རྒྱས་སུ་འགྱུར་ཏེ། འདོད་ཆེན་པོ་ནི་མ་གཏོགས་སོ།། དེ་ལ་རྒྱལ་པོ་འམ། རྒྱལ་པོའི་བློན་པོ་འགའ་ཞིག་འདི་སྐད་ཅེས་ཟེར་ཏེ། དགེ
175a7 སློང་ཁྱོད་སངས་རྒྱ་བར་འགྱུར་རམ་མི་འགྱུར། སངས་རྒྱས་ཀྱི་ཁམས་ཁྱོད་ལ་ཡོད་དམ་མེད་ཅེས་ཟེར་བ་ལ། དགེ་སློང་དེ་ན་རེ། ཚེ་དང་ལྡན་པ་བདག་སངས་རྒྱས་སུ་འགྱུར་རམ་མི་འགྱུར
iiif viewer powered by OpenSeadragon
174b - 175b