| | e-texts navigator
|
162a1 གཡེལ་བ་རྣམས་ཀྱང་དག་པའི་དགེ་འདུན་དུ་བསྒྱུར་ཞིང་སྐྱེ་བོ་མང་པོ་ལ་ཕན་པའི་ཕྱིར། ཐེག་པ་ཆེན་པོའི་མདོའི་སྡེ་ཚན་སྟོན་པར་གང་གིས་ནུས་པའི་བྱང་ཆུབ་སེམས།
162a2 དཔའ་སེམས་དཔའ་ཆེན་པོ་གང་ཡིན་པ་དེའི་ཆེད་ཚོགས་སུ་བཅད་པ་དེ་དག་གསུངས་པ་ཡིན་ཏེ། དེ་ལྟར་བྱེད་པ་ལ་ནི་དམ་པའི་ཆོས་འབྱིན་པའི་ཕྱིར་བྲམ་ཟེ་དང་ཁྱིམ་བདག་རྣམས་མགུ
162a3 བར་འགྱུར་ཏེ། བྲམ་ཟེ་ཡིན་བཞིན་དུ་འདིས་རྒྱལ་སྲིད་དང་དམ་པའི་ཆོས་བཙུགས་སོ་སྙམ་ནས་དེ་ལ་མཆོད་པ་བྱེད་དོ།། གང་དེ་ལྟར་སྟོན་པ་འདི་ནི། བྱང་ཆུབ་སེམས་དཔའ་ཁོ་ན་ཡིན
162a4 ཏེ། ཐབས་དང་སྦྱར་ཞིང་བྱེད་པས་ན་དེ་ལ་ཉེས་པ་བསྐྱེད་པར་མི་བྱའོ།། དེ་ལ་ཉེས་པ་བསྐྱེད་ན། ཕྱིར་ཉེས་པ་ཐོབ་པར་འགྱུར་ཏེ། བཤགས་པར་འོས་པའི་ཉེས་པ་ལྟ་བུར་འགྱུར
162a5 ཡ་ང་རྒྱལ་གྱི་དབང་གིས་འཆགས་པར་ཡང་མི་བྱེད་དོ། ། བྱང་ཆུབ་སེམས་དཔའ་སློབ་དཔོན་དེ་ནི་མཆོག་ཏུ་གཡེལ་བ་ལྟ་བུར་སྟོན་ཀྱང་ཉེས་པར་མི་འགྱུར་ཏེ། དགོངས་པའི་ཚིག།
162a6 འདི་ནི་བྱང་ཆུབ་སེམས་དཔའི་ཆེད་དུ་བསྟན་ཏེ། རྒན་ནམ་ཡང་ན་གཞོན་ཡང་རུང་།། གང་ལས་ཆོས་ནི་རྟོགས་འགྱུར་བ།། བྲམ་ཟེ་སྲེག་སྦྱིན་མེ་བཞིན་དུ།། དེ་ལ་བཀུར་སྟི་ཕྱག
162a7 ཀྱང་བྱ། ། རྫོགས་སངས་རྒྱས་ཀྱིས་བསྟན་པ་ཡིན།། ཆོས་ནི་གང་ལས་རྟོགས་འགྱུར་བ།། དབང་ཆེན་ལྷ་ལ་བྱ་བ་བཞིན།། དེ་ལ་བཀུར་སྟི་ཕྱག་ཀྱང་བྱ།། ཞེས་བྱ་བ་ནི།། ཉན་ཐོས
iiif viewer powered by OpenSeadragon
161b - 162b