| | e-texts navigator
|
140b1 དེ་ནི་དེ་བཞིན་གཤེགས་པའོ། ། གྲོལ་བ་གྲོལ་བ་ཞེས་བྱ་བ་ལ། ཐར་པ་ནི་ཟླ་བ་ཚེས་བཅོ་ལྔའི་དྲི་མ་མེད་པ་དང་འདྲ་སྟེ། ཟླ་བ་སྤྲིན་གྱིས་ཡོགས་པ་ལྟ་བུ་མ་ཡིན་ནོ།། ཐར་པ་གང་ཡིན་པ་དེ
140b2 ནི་དེ་བཞིན་གཤེགས་པའོ། ། ཞི་བ་ཞི་བ་ཞེས་བྱ་བ་ནི།། ཇི་ལྟར་སེམས་ཅན་རིམས་ནད་ཀྱིས་ཐེབས་པ་ལ། རིམས་ནད་དང་བྲལ་བར་གྱུར་པ་བཞིན་དུ། ཐར་པ་ནི་དེ་ལྟ་མ་ཡིན་ཏེ། ཞི་བ
140b3 ཞེས་བྱ་བ་ལ། ཐར་པ་ནི་སེམས་ཅན་ནད་མེད་ཅིང་གནོད་པ་མེད་པ་བཞིན་ཏེ། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། མཉམ་པ་ཉིད་མཉམ་པ་ཉིད་ཅེས་བྱ་བ་ནི། ཇི་ལྟར་ཡུག་ཐུག
140b4 རཱ་གཉིས་ཕན་ཚུན་འཐབ་པ་ན། སྟོབས་མཉམ་པ་བཞིན་དུ། ཐར་པ་ནི་དེ་ལྟ་མ་ཡིན་ཏེ། ཇི་ལྟར་མ་དང་བུ་མཐུན་པར་སྨྲ་བ་དེ་བཞིན་དུ། ཐར་པའང་དེ་དང་འདྲ་སྟེ། ཐར་པ་གང་ཡིན་པ་དེ
140b5 ནི་དེ་བཞིན་གཤེགས་པའོ། ། ཉེ་བར་ཞི་བ་ཉེ་བར་ཞི་བ་ཞེས་བྱ་བ་ལ། གནས་ཀྱི་མཆོག་དེ་ཐོབ་པ་ནི། གནས་གཞན་འདོད་མི་སྲིད་དོ།། ཆོ་ག་མི་ཤེས་པ་ཞེས་བྱ་བ་ནི། ཇི་ལྟར
140b6 ཉམ་ཆུང་བའི་ཚེ། ཁ་ཟས་ཀྱི་མཆོག་ཟོས་པའི་འོག་ཏུ། དར་བ་བཏུང་བའི་སེམས་སྐྱེས་པར་འགྱུར་བ་བཞིན། ཐར་པ་ནི་དེ་ལྟ་མ་ཡིན་ཏེ། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན
140b7 གཤེགས་པའོ། ། ཆད་པ་ཆད་པ་ཞེས་བྱ་བ་ནི། སྲེད་པའི་ཞགས་པ་ལྟ་བུའི་ནང་གི་འདོད་པ་ཆད་པ་གང་ཡིན་པ་དེ་ནི་ཆད་པའི་སྒོ་ནས་ཐར་པ་ཡིན་ནོ།། ཐར་གང་ཡིན་པ་དེ་ནི་དེ་བཞིན
iiif viewer powered by OpenSeadragon
140a - 141a