| | e-texts navigator
|
124b1 ལས་འདའ་བ་ལྟ་བུར་སྟོན་ཏེ། འོན་ཀྱང་གཏན་དུ་ཡོངས་སུ་མྱ་ངན་ལས་འདའ་བས་ཡོངས་སུ་མྱ་ངན་ལས་འདའ་བར་མི་བྱེད་དོ།། རེས་འགའ་ནི་སེམས་ཅན་རྣམས་དེ་བཞིན་གཤེགས་པ་རྨོངས་སོ་སྙམ
124b2 དུ་ཡང་དག་པར་ཤེས་མོད་ཀྱི། དེ་བཞིན་གཤེགས་པ་ནི་དུས་ཐམས་ཅད་དུ་རྟག་པ་དང་། བརྟན་པ་དང་། ཐེར་ཟུག་པ་ཡིན་ཏེ། ཡོངས་སུ་མྱ་ངན་ལས་འདའ་བར་སྟོན་པ་ནི། སངས་རྒྱས་རྣམས
124b3 ཀྱི་ཆོས་ཉིད་དོ། ། འཛམ་བུའི་གླིང་ལ་ལར་ནི་སྐྱེ་བར་སྟོན་ཏེ།། སེམས་ཅན་རྣམས་ཀྱིས་སྐྱེས་སོ་སྙམ་དུ་ཡང་དག་པར་ཤེས་སོ།། ང་ནི་བསྐལ་པ་བྱེ་བ་ཕྲག་གྲངས་མེད་པ་ནས་བྱ་བ་བྱས་ཟིན་མོད་ཀྱི
124b4 དེར་ཡང་གོ་འཕང་ཐམས་ཅད་ཀྱི་དོན་ཐོབ་པའི་མཐར་ཐུག་པར་བསྟན་ཏེ། འདི་ནི་འཇིག་རྟེན་དང་མཐུན་པར་བྱ་བ་ཙམ་དུ་ཟད་དོ།། འཛམ་བུའི་གློང་ལ་ལར་ནི་ངས་ཚུལ་ཁྲིམས་འཆལ་པ་འམ། ཕམ་པ་བྱུང
124b5 བ་ལྟ་བུར་བསྟན་ཏེ། སེམས་ཅན་རྣམས་ཀྱིས་ཀྱེ་མ་ལམ་པ་བྱུང་བའོ་སྙམ་དུ་ཡང་དག་པར་ཤེས་མོད་ཀྱི། ང་ལ་ནི་སྔན་ཆད་གཡེལ་བར་གྱུར་པ་མེད་དོ།། འཛམ་བུའི་གླིང་ལ་ལར་ནི་ངས་བདག་ཉིད་དེ་བཞིན།
124b6 གཤེགས་པ་ལ་ངན་སེམས་ཀྱིས་ཁྲ་ཕྱུང་བ་དང་། དགྲ་བཅོམ་པ་གསོད་པ་དང་། ཕ་མ་གསོད་པ་དང་། བདག་ཉིད་དགེ་འདུན་གྱི་དབྱེན་བྱེད་པར་སྟོན་ཏེ། སེམས་ཅན་རྣམས་ཀྱིས་ཀྱེ་མ་སེམས་ཅན་འདི་ནི་མཚམས་མེད
124b7 བལྔའི་ལས་བྱེད་པ་ཡིན་ནོ་སྙམ་དུ་ཡང་དག་པར་ཤེས་མོད་ཀྱི། ངབང་དེ་ལྟ་བུའི་ལས་བྱེད་པ་མ་ཡིན་ལ། ལྷ་དང་བཅས་པའི་འཇིག་རྟེན་ནའང་སུས་ཀྱང་དགེ་འདུན་འབྱེད་མི་ནུས་སོ།། འཛམ་བུའི
iiif viewer powered by OpenSeadragon
124a - 125a