| | e-texts navigator
|
120a1 ཅན་དེ་དག་གིས་བདག་ཅག་གང་དུ་སོང་། གང་དུ་ཁྱེར། གང་དུ་བཅུག་སྙམ་དུ་མི་ཤེས་ཤིང་མི་མཐོང་ངོ་།། སེམས་ཅན་གཞན་དག་གིས་ནི་འདིས་དེ་ལྟར་བྱས་སོ་སྙམ་དུ
120a2 ཡང་དག་པར་ཤེས་ཤིང་། ཡང་དག་པར་མཐོང་ངོ་།། དེ་ནས་ཡང་དེ་རང་གི་གནས་སུ་འཇོག་པར་བྱེད་དོ།། རིགས་ཀྱི་བུ་གཞན་ཡང་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་འདི་ལ་གནས་པའི
120a3 བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྣམས་ལག་པ་གཡས་པས་བླངས་ཏེ། རྫ་མཁན་གྱི་འཁོར་ལོ་བཞིན་དུ་འཇིག་རྟེན་གྱི་ཁམས་རྡུལ་ཕྲམ
120a4 རྡུལ་སྙེད་ཀྱི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ཏུ་འཕེན་པར་བྱེད་ལ། སེམས་ཅན་གཅིག་ལའང་གནོད་པར་མི་འགྱུར་ཏེ། སེམས་ཅན་དེ་དག་གིས་བདག་ཅག་གང་དུ་སོང་། གང་དུ་ཁྱེར། གང་དུ་བཅུག་སྙམ།
120a5 དུ་མི་ཤེས་ཤིང་མི་མཐོང་ངོ་།། སེམས་ཅན་གཞན་དག་གིས་ནི་འདིས་འདི་ལྟར་བྱས་སོ་སྙམ་དུ་ཡང་དག་པར་ཤེས་ཤིང་ཡང་དག་པར་མཐོང་ངོ་།། དེ་ནས་ཡང་དེ་རང་གི་གནས་སུ་འཇོག་པར་བྱེད་དོ།།
120a6 རིགས་ཀྱི་བུ་གཞན་ཡང་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྣམས་རང་གི་ལུས་ལ་འཇུག་པར
120a7 བྱེད་ལ། སེམས་ཅན་གཅིག་ལའང་གནོད་པར་མི་འགྱུར་ཏེ། སེམས་ཅན་དེ་དག་གིས་བདག་ཅག་གང་དུ་སོང་། གང་དུ་ཁྱེར། གང་དུ་བཅུག་སྙམ་དུ་མི་ཤེས་ཤིང་མི་མཐོང་ངོ་།། སེམས་ཅན་གཞན་དག
iiif viewer powered by OpenSeadragon
119b - 120b