| | e-texts navigator
|
111b1 བྱིན་པ་དེ་དང་དེ་འཇུ་ནུས་པར་འགྱུར་རོ། ། བཅོམ་ལྡན་འདས་དེ་ནི་བཀའ་མེད་།། བཀའ་སྩལ་པ། ཅི་དང་པོའི་ཁ་ཟས་ཀྱིས་མགུ་བར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ།།
111b2 བཀའ་སྩལ་པ། ཆེ་ཞེ་དེ་བཞིན་དུ་གང་གི་ཚེ། ངའི་ཉན་ཐོས་རྣམས་བྱིས་པ་ཆུང་ངུ་ཉུང་ངུ་ཟ་བ་དང་འདྲ་བ་དེའི་ཚེ་ནི། ང་མར་དང་འདྲ་བའི་སྡུག་བསྔལ་དང་། མི་རྟག་པ་དང་། སྟོང་པ་དང་། བདག་མེད་པའི་བསྟན་པ་སྟོན་ཏོ།། གང་གི
111b3 ཚེ་ཁྱོད་ཀྱི་བུ་སྐྱེས་པ་བཞིན་དུ། ཉན་ཐོས་ཆེན་པོར་གྱུར་ཏེ། སྟོབས་ཆེར་སྐྱེས་ཤིང་། ཐེག་པ་ཆེན་པོ་འདོད་པར་གྱུར་པ་དེའི་ཚེ་ནི། ངའང་རོ་དྲུག་དང་ལྡན་པའི་ཁ་ཟས་ཆེན་པོ་དང་འདྲ་བའོ་ཡོངས་སུ་མྱ་ངན་ལས
111b4 འདས་པ་ཆེན་པོའི་མདོ་ཆེན་པོ་སྟོན་ཏོ། ། དེ་ལ་རོ་དྲུག་པོ་རྣམས་གང་ཞེ་ན། སྡུག་བསྔལ་གྱི་སྦྱར་དང་། མི་རྟག་པའི་ལན་ཚྭ་དང་། བདག་མེད་པའི་ཚེ་བ་དང་། བདེ་བའི་མངར་བ་དང་། བདག་ཡོད་པའི་བས
111b5 བ་དང་། རྟག་པའི་ཁ་བ་རྣམས་ཏེ། རོ་དྲུག་པོ་འདི་རྣམས་ཉོན་མོངས་པའི་བུད་ཤིང་དང་། སྒྱུ་མའི་མེས་བཙོས་པའི་ཟས། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་དེ་ཁོ་ན་ཉིད་ཀྱི་འབྲས་ཆན་ཞིམ་པོ་ངའི
111b6 ཉན་ཐོས་རྣམས་ཟ་བར་འགྱུར་རོ། ། ཆེ་ཞེ་གཞན་ཡང་དཔེར་ན་ཁྱོད་གཞན་གྱིས་བོས་སམ། གཞན་གྱིས་གཙུང་པུད་བཅའ་བའི་ཕྱིར་གྲོང་གཞན་དུ་འགྲོ་བར་འདོད་པ་ན། བུ་ངན་པ་རྣམས་བོར་ཏེ། བུ་བཟང
111b7 པོ་རྣམས་བླངས་ནས། གཏེར་གསང་བ་རྣམས་སྟོན་པར་བྱེད་དམ། བཅོམ་ལྡན་འདས་དེ་ནི་བཀའ་མང་དེ། བུ་ངན་པ་ཚུལ་མ་མཆིས་པ། ནོར་གྱི་སྐལ་པ་ཅན་མ་ལགས་པ། དེ་དག་ལ་ནི་བདག་ནོར
iiif viewer powered by OpenSeadragon
111a - 112a