| | e-texts navigator
|
107a1 སེམས་དཔའི་དགེ་འདུན་རང་བཞིན་གྱིས་རྣམ་པར་དག་པའོ། ། ཚུལ་ཁྲིམས་འཆལ་པའི་དགེ་འདུན་རྣམ་པ་གཉིས་ཟློག་པར་བྱེད་པ་གང་ཡིན་པ་དེ་དག་ནི། སློབ་དཔོན་ཞེས་བྱའོ།།
107a2 འདུལ་བ་འཛིན་པ་ཞེས་བྱ་བ་ནི། གདུལ་བར་བྱ་བའི་དབང་གིས་བསླབ་པའི་གཞི་དེ་དང་དེ་དག་ཤེས་ཏེ། རྔམས་ཆེན་པོའང་ཤེས་སོ།། རྔམས་ཆུང་ངུའང་ཤེས་སོ།། འདུལ་བ་མ་ཡིན་པ་ནི་བརྩན
107a3 པར་མི་བྱེད་དོ། ། འདུལ་བ་ནི་བརྩན་པར་བྱེད་དོ།། གདུལ་བར་བྱ་བའི་དབང་ཇི་ལྟར་ཤེས་ཤེ་ན། བྱང་ཆུབ་སེམས་དཔའ་གདུལ་བར་བྱ་བའི་དབང་གིས་གྲོང་ཁྲོད་དུ་འགྲོ་བ་ཡོད་དོ།། དེ་ནི་བུད
107a4 མེད་དང་གར་མཁན་མོའི་འདུན་ཁང་དང་། ཡུགས་མོའི་ཁྱིམ་དང་། སྨད་འཚོང་མའི་ཁྱིམ་མ་ཏོགས་པར། ཁྱིམ་གྱི་ནང་ངམ། འདུན་ཁང་གང་དུ་འགྲོ་འདོད་ཀྱང་རུང་སྟེ། དེ་ལ་དེར་འགྲོ་བའི་དུས
107a5 ངེས་པ་མེད་དོ། ། བྱང་ཆུབ་སེམས་དཔའི་དགེ་སློང་གིས་ནི། ལོ་གྲངས་མང་པོ་ཡང་གྲོང་ཁྲོད་དུ་རྒྱུ་བར་བཟོད་ཀྱི། ཉན་ཐོས་ཀྱི་དགེ་སློང་གིས་ནི་མི་བཟོད་དོ།། རྔམས་ཆེན་པོ་དང་། རྔམས
107a6 ཆུང་ངུ་ཇི་ལྟར་ཤེས་ཤེ་ན། རྔམས་ཆེན་པོ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པས་དོན་གྱི་དམིགས་བྱུང་བ་གང་གཟིགས་ན། དེ་ལྟར་གཟིགས་པའི་འོག་ཏུ། ཕས་ཕམ་པ་བཞི་པོ་འདི་ལྟ་བུ་ཕྱིན
107a7 ཚད་མ་བྱེད་ཅིག། གལ་ཏེ་ཁྱེད་ཀྱིས་བྱས་ན། རབ་ཏུ་དབྱུང་དུ་མེད་པར་འགྱུར་རོ་ཞེས་བསླབ་པའི་གཞི་འཆའ་བར་མཛད་པ་དེ་ནི་རྔམས་ཆེན་པོ་ཞེས་བྱའོ།། རྔམས་ཆུང་ངུ་ཞེས་བྱ་བ་ནི་འདི་ན་ལ་ལ
iiif viewer powered by OpenSeadragon
106b - 107b