| | e-texts navigator
|
106b1 སློབ་དཔོན་ཞེས་བྱའོ། ། དེ་ནི་འཁོར་རྙེད་པ་དང་། བཀུར་སྟི་འདོད་པའི་རང་གི་འཁོར་གྱི་དགེ་འདུན་གང་ཡིན་པ་དེ་དག་ནི་ཟློག་པར་བྱེད་དོ།། དེ་ལྷ་དགེ་འདུན་ལའང་རྣམ་པ་གསུམ་སྟེ། ཚུལ་ཁྲིམས་འཆལ
106b2 པ་དང་། འདྲེས་པ་དང་། བྱིས་པའི་དགེ་འདུན་དང་། རང་བཞིན་གྱི་དགེ་འདུན་ནོ།། དེ་ལ་ཚུལ་ཁྲིམས་འཆལ་པ་དང་འདྲེས་པའི་དགེ་འདུན་ནི་དེས་ཟློག་པར་བྱེད་དོ།། ཚུལ་ཁྲིམས་འཆལ་པ་དང་འདྲེས
106b3 པའི་དགེ་འདུན་ཞེས་བྱ་བ་ནི། ཚུལ་ཁྲིམས་འཆལ་པ་རྣམས་འབའ་ཞིག་དང་མཐུན་པར་བྱེད་དོ།། དེ་དག་ཚར་གཅོད་པར་མི་བྱེད་ཅིང་། ཟང་ཟིང་གི་ཕྱིར་དེ་དག་དང་ལྷན་ཅིག་ཏུ་སྤྱོད་པ་མཐུན་པར་བྱེད་པ
106b4 གང་ཡིན་པ་སྟེ། ཚུལ་ཁྲིམས་དང་ལྡན་དུ་ཟིན་ཀྱང་། དེ་དག་དང་ལྷན་ཅིག་གནས་པས། ཚུལ་ཁྲིམས་འཆལ་པ་ཁོ་ན་ཡིན་པའི་གྲངས་སུ་འགྲོ་བར་འགྱུར་རོ།། འདི་ནི་ཚུལ་ཁྲིམས་འཆལ་པ་དང་།
106b5 འདྲེས་པ་ཞེས་བྱ་སྟེ། དེའི་ཚུལ་མེད་པ་ཟློག་པར་བྱེད་པའི་ཕྱིར་སློབ་དཔོན་ཞེས་བྱའོ།། བྱིས་པའི་དགེ་འདུན་ཞེས་བྱ་བ་ནི། དགོན་པ་པ་དང་། བསོད་སྙོམས་པ་ཞན་པ་དང་། རྨུགས་པ་རྣམས་ཡིན
106b6 ཏེ། སྐབས་འབྱེད་པ་དང་། གསོ་སྦྱོང་རྣམས་ཀྱི་དུས་སུ་རང་གི་འཁོར་ཉི་ཚེ་དག་པར་བྱེད་ཀྱི། ཚུལ་ཁྲིམས་འཆལ་པ་རྣམས་དག་པར་བྱེད་པ་དེ་དག་དང་ལྷན་ཅིག་ཏུ་འདྲེ་བར་གནས་པ་དེ་ནི་བྱིས་པའི་དགེ
106b7 འདུན་ཞེས་བྱ་སྟེ། རྨུགས་པ་དེ་དག་གིས་ཚུལ་མ་ཡིན་པ་སེལ་བར་བྱེད་པའི་ཕྱིར་སློབ་དཔོན་ཞེས་བྱའོ།། རང་བཞིན་གྱི་དགེ་འདུན་ནི་བདུད་བྱེ་བ་སྙེད་ཀྱིས་ཀྱང་མི་ཤོགས་པ་ཡིན་ཏེ། དེ་ནི་བྱང་ཆུབ
iiif viewer powered by OpenSeadragon
106a - 107a