e-texts navigator
Collection
Volume
Page
Wylie

402a1 ཐོགས་ཏེ་འགྲོ་བའི་རྗེས་ནས་འཁར་གསིལ་ཐོགས་ཏེ་འགྲོ་བར་མི་བྱ་བ་དང་། ཡོན་བདག་གི་ཁྱིམ་དུ་ཕྱིན་ན་འཁར་གསིལ་ལུས་དང་བྲལ་བར་མི་བྱ་བ་དང་། ཡོན་བདག་གི་སྒོར་ཕྱིན་པ་དང་ལན
402a2 གསུམ་དུ་དཀྲོལ་བར་བྱའོ། ། གལ་ཏེ་མ་འོངས་ན་ལན་ལྔའི་བར་དུ་དཀྲོལ་བར་བྱའོ།། ལན་ལྔའི་བར་དུ་དཀྲོལ་ཏེ་མ་འོངས་ན་ལན་བདུན་གྱི་བར་དུ་དཀྲོལ་བར་བྱའོ།། ལན་བདུན་གྱི་བར་དུ་དཀྲོལ་ཏེ་མ་འོངས་ན་ཁྱིམ་གཞན
402a3 དུ་དཀྲོལ་བར་བྱ་བ་དང་། བདག་ཕྱིར་བྱུང་ན་འཁར་གསིལ་ལག་པ་གཡས་པ་ལ་སྐྱེས་ཏེ་གཞག་པར་བྱ་བ་དང་། གནས་ཁང་ན་བཞག་པའི་ཚེ་ས་ལ་རེག་པར་མི་བྱ་བ་དང་། རྟག་ཏུ་གར་ཉལ་བའི་ཁྲིའི་དྲུང་དུ་ཉེ་བར་གནག་པར
402a4 བྱ་བ་དང་། སྐབས་སྐབས་སུ་ཕྱི་བདར་བྱ་བ་དང་། འཁར་གསིལ་གྱི་མགོ་ཡ་ཡོ་མེད་པར་བྱ་བ་དང་། བསོད་སྙོམས་ལ་འགྲོ་བའི་ཚེ་དགེ་ཚུལ་ལམ་ཁྱིམ་པ་ལས་བྲལ་བར་མི་བྱ་བ་དང་། ནད་པའི་སར་མཚན་མོ་གནས་ན
402a5 འཁར་གསིལ་བཀུར་བར་བྱ་བ་དང་། ལམ་རིང་པོར་སྐྱེལ་དུ་འགྲོ་ན་འཁར་གསིལ་བཀུར་བར་བྱ་བ་དང་། ལམ་རིང་པོ་ནས་མགྲོན་དུ་གཉེར་བ་ཡོད་དེ། དེར་འགྲོ་ཞིང་འདུག་དགོས་པར་གྱུར་ན་འཁར་གསིལ་བཀུར་བར་བྱ་བ
402a6 དང་གཤེད་དུ་འགྲོ་དགོས་པར་གྱུར་ན་འཁར་གསིལ་བཀུར་བར་བྱ་བ་དང་། བདག་གི་དྲུང་དུ་བསྙེན་པར་བྱ་བའི་ཕྱིར་གཞན་ལ་རེག་ཅིང་ས་ལ་རི་མོ་བྲི་བར་བྱའོ།། འཁར་གསིལ་འཆང་བའི་ཀུན་དུ་སྤྱོད་པའི་ཆོ་ག
402a7 རྫོགས་སོ། ། @འཕགས་པ་འཁར་གསིལ་གྱི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། དེ་ནས་བཅོམ་ལྡན་འདས་ཀྱིས།




iiif viewer powered by OpenSeadragon

401b - 402b

Texts on this page

S173 - 'khar gsil 'chang ba'i kun tu spyod pa'i cho ga
S174 - 'phags pa 'khar gsil gyi mdo