| | e-texts navigator
|
401b1 བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་འཁར་གསིལ་ཡང་དག་པར་བླངས་ཏེ་ཆོས་བཞིན་སྤྱོད་པར་བྱེད་དམ། ལག་པ་ཡོངས་སུ་མི་གཙང་བས་དེ་གཟུང་བར་མི་བྱ། དགེ་འདུན་གྱི་གནས་སུ་འཇུག་པའི་མགོ་དང་མཆེ།
401b2 དབྱུང་བར་བྱས་ལ་གཞག་པར་མི་བྱ། གལ་ཏེ་ཁྱིམ་པའི་ཁྱིམ་དུ་འཇུག་ན་མ་རྩེ་རྒྱབ་ལོགས་སུ་བསྟན་པར་བྱ། གལ་ཏེ་སྔ་དྲོ་ཁྱིམ་པའི་ཁྱིམ་དུ་བསོད་སྙོམས་ལ་འགྲོ་དགོས་པའི་རྐྱེན་ཚོགས་བྱུང་ན་འཁར་གསིལ་ལན་གསུམ
401b3 དུ་དཀྲོལ་བར་བྱའོ། ། ལན་གསུམ་དུ་དཀྲོལ་ཏེ་མ་འོངས་ན་ལན་ལྔའི་བར་དུ་དཀྲོལ་བར་བྱའོ།། ལན་ལྔའི་བར་དུ་དཀྲོལ་ཏེ་མ་འོངས་ན་ལན་བདུན་གྱི་བར་དུ་དཀྲོལ་བར་བྱའོ།། ལན་བདུན་གྱི་བར་དུ་དཀྲོལ་ཏེ་མ་འོངས་ན་ཁྱིམ་གཞན་དུ
401b4 ལན་བདུན་གྱི་བར་དུ་དཀྲོལ་བར་བྱའོ། ། ཁྱིམ་བདུན་གྱི་བར་དུ་ཕྱིན་ཏེ་ཆོག་པར་གྱུར་ན་ཡང་དེར་ཟས་ཀྱི་བྱ་བ་བྱའོ་ཞེས་ལན་གསུམ་གྱི་བར་དུ་བཟླས་པར་བྱའོ།། འཁར་གསིལ་བཅང་བའི་ཆོས་ཉི་ཤུ་རྩ་ལྔ་ཡོད་དེ། ས་ལ་སྦྲུལ་ཡོད་པ
401b5 བསྲུང་བའི་ཕྱིར་བཅང་བར་བྱ་བ་དང་། རྒས་པའི་ཕྱིར་བཅང་བར་བྱ་བ་དང་། བསོད་སྙོམས་སྤྱོད་པའི་ཕྱིར་བཅང་བར་བྱ་བ་དང་། འབྱུང་ཞིང་འཇུག་པ་ནའང་སྐུ་གཟུགས་མཐོང་བའི་ཚེ་སྒྲ་དབྱུང་བར་བྱ་བ་དང་། འཁར་གསིལ་ཐོགས་ནས
401b6 དགེ་འདུན་གྱི་ནང་དུ་འཇུག་པར་མི་བྱ་བ་དང་། དྲོ་ཡོལ་ཕན་ཆད་འཁར་གསིལ་ཐོགས་ནས་འགྲོ་བར་མི་བྱ་བ་དང་། ཕྲག་པ་གཉིས་ལ་བཀལ་ཏེ་མགོ་བོ་གཉིས་ལ་དཔྱད་པར་མི་བྱ་བ་དང་། ཕྲག་པས་བཀུར་བར་མི་བྱ་བ་དང་། ལག
401b7 པར་དཀྱོག་པར་མི་བྱ་བ་དང་། འཁར་གསིལ་ཐོགས་ནས་བཤང་གཅིའི་སར་འགྲོ་བར་མི་བྱ་བ་དང་། མཁན་པོ་དང་སློབ་དཔོན་འཁར་གསིལ་ཐོགས་ཏེ་འགྲོ་བའི་རྗེས་བཞིན་དུ་འགྲོ་བར་མི་བྱ་བ་དང་། གང་ཟག་བཞི་ཡན་ཆོད་འཁར་གསིལ
iiif viewer powered by OpenSeadragon
401a - 402a