| | e-texts navigator
|
363a1 ཏོབཅོམ་ལྡན་འདས་གང་བཅོམ་ལྡན་འདས་ཀྱིས་ཉན་ཐོས་ཀྱི་ཐེག་པ་ལས་བརྩམས་ཏེ་ཆོས་བསྟན་པ་དེ་ལ་ནི་བདག་ཐ་ན་སྤུ་ཟིང་ཞེས་བགྱིད་པ་ཙམ་ཡང་མ་མཆིས་སོ། །
363a2 གང་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཕྱག་རྒྱ་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་བྱིན་གྱིས་བརླབས་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་ལམ་ལ
363a3 འཇུག་པ། སེམས་ཅན་ཐམས་ཅད་ཀྱི་སྟོན་པའི་ཆོས་ཀྱི་རྣམ་གྲངས་འདི་གསུང་བ་དེས་བདག་མྱ་ངན་གྱི་ཟུག་རྔུ་དང་ལྡན་ཞིང་བདག་རྙིས་པར་གྱུར་པར་སྙམ་བགྱིད་དོ།། བཅོམ་ལྡན
363a4 འདས་བདག་ལ་ཕྱག་བརྐྱང་བ་སྩལ་དུ་གསོལ། གང་ཐོས་པས་བདག་མྱ་ངན་གྱི་ཟུག་རྔུ་དང་ལྡན་པར་འགྱུར་པའི་ཆོས་ཀྱི་རྣམ་གྲངས་འདི་ལྟ་བུའང་མི་གསུང་བར་གསོལ། བཅོམ་ལྡན་འདས་ཀྱིས
363a5 བཀའ་སྩལ་པ། སྡིག་ཅན་ཁྱོད་དང་འཐུན་པའི་སེམས་ཅན་ཆོས་ཟབ་མོ་འདི་ལྟ་བུ་ལ་མོ་མོས་པ་ནི་མང་། གང་དག་མོས་པའི་སེམས་ཅན་དེ་དག་ནི་ཉུང་གིས་མྱ་ངན་མ་བྱེད། སྨྲེ་སྔགས་མ
363a6 འདོན་ཅིག། སྡིག་ཅེན་ཁྱོད་འདི་ལྟ་སྟེ། དཔེར་ན་སའི་སྟེང་ནས་རྡུལ་བླངས་པ་སྙེད་ཀྱི་སེམས་ཅན་ནི་ཆོས་ཀྱི་རྣམ་གྲངས་ཟབ་མོ་འདི་ལྟ་བུ་ལ་མོས་སོ།། སའི་རྡུལ་ཇི་སྙེད་པ་དེ་སྐྱེད
363a7 ཀྱི་སེམས་ཅན་ནི་ཆོས་ཀྱི་རྣམ་གྲངས་ཟབ་མོ་འདི་ལ་མི་མོས་ཏེ། དེ་དག་ཐམས་ཅད་ནི་ཁྱོད་དང་འཐུན་ནོ།། སེམས་ཅན་གྱི་ཁམས་ཚད་མེད་པ་ཁྱོད་དང་འཐུན་གྱིས། དེ་བས་ན་སྡིག་ཅན
iiif viewer powered by OpenSeadragon
362b - 363b