e-texts navigator
Collection
Volume
Page
Wylie

362b1 བྱང་ཆུབ་སེམས་དཔའ་ལྷའི་ཅོད་པན་ལ་བཀའ་སྩལ་བ། སྐྱེས་བུ་དམ་པ་དག་ངས་བསྐལ་པ་མཐའ་ཡས་གྲངས་མེད་པར་ཡང་དག་པར་བསྒྲུབས་པའི་བྱང་ཆུབ་འདི་ཅི་ནས་ཡུན་རིང་དུ
362b2 གནས་པར་འགྱུར་པ་དང་། ནུབ་པར་མི་འགྱུར་བར་བྱ་བའི་ཕྱིར། ཁྱེད་གཉིས་ཀྱི་ལག་ཏུ་བཞག་གོ།། གཏད་དོ།། དེ་གཉིས་ཀྱིས་གསོལ་པ། བཅོམ་ལྡན་འདས་ཀྱིས་བདག་ཅག
362b3 གཉིས་ཀྱིས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པའི་སླད་ན་ཆོས་ཀྱི་རྣམ་གྲངས་འོད་གཟུང་བར་བགྱིའོ། ། རྒྱས་པར་བགྱིའོ།། ཆོས་ཀྱི་རྣམ་གྲངས་འདི་ཆོས་སྨྲ་བ་དང་།
362b4 དགེ་བའི་རྩ་བ་བསྐྲུན་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་དག་གི་ལག་ཏུ་མཆི་བར་བགྱིའོ།། དེ་དག་མདོ་སྡེ་འདི་ལ་མོས་པར་བགྱི་བ་དང་། ཡོངས་སུ་འཛིན་པར་བགྱི་བའི
362b5 སླད་དུ་དེ་དག་གི་ཡིད་རབ་ཏུ་གཟུང་བར་བགྱིའོ། ། བཅོམ་ལྡན་འདས་སླད་མའི་ཆེ་སླང་མའི་དུས་ན། ཆོས་ཀྱི་རྣམ་གྲངས་འདི་གང་དག་གི་རྣ་ལམ་དུ་ཐོས་པ་དང་། ཐོས་ནས་འཛིན་པ་དང
362b6 འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བགྱིད་པ་དང་། འཆད་པ་དེ་དག་ནི་བྱང་ཆུབ་སེམས་དཔའ་བྱམས་པ་དང་། བྱང་ཆུབ་སེམས་དཔའ་ལྷའི་ཅོད་པན་གྱི་བྱིན་གྱི་རླབས་ལགས
362b7 པར་རིག་པར་བགྱིའོ། ། དེ་ནས་བདུད་སྡིག་ཅན་འཁོར་དེར་འདུས་པར་གྱུར་ནས་འདུག་པ་དེ་གདོང་ལས་མཆི་མ་ཟག་ཅིང་ང་རོ་བྱུང་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ




iiif viewer powered by OpenSeadragon

362a - 363a

Texts on this page

S165 - 'phags pa mi 'am ci'i rgyal po sdong pos zhus pa zhes bya ba theg pa chen po'i mdo