| | e-texts navigator
|
362a1 དང་སངས་རྒྱས་ཀྱི་བསྟན་པ་ལ་མ་དད་པ་དེ་དག་ཀྱང་། ཅི་ནས་དེ་བཞིན་གཤེགས་པའི་བསྟན་པ་བསྲུང་བའི་སླད་དུ་བརྩོན་པར་འགྱུར་བར་དད་པར་བགྱིའོ།།
362a2 བཅོམ་ལྡན་འདས་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་གང་དག་སངས་རྒྱས་ཀྱི་བསྟན་པ་ལ་བརྩོན་པ་དང་། གཞན་ཡང་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་མངོན
362a3 པར་དད་པ་སྲུང་བ་མ་མཆིས་པ་དེ་དག་བསྲུང་བའི་ཆེད་དུ་གསང་སྔགས་ཀྱི་ཚིག་འདི་དག་ཁ་ཏོན་དུ་བགྱིའོ། ། གསང་སྔགས་ཀྱི་ཚིག་དེ་དག་གིས་གནོད་སྦྱིན་དང་། སྲིན་པོ་དང་། དྲི་ཟ་དང་།
362a4 མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། གྲུལ་བུམ་ལ་སོགས་པ་དང་། མི་དང་མི་མ་ཡིན་པ་ལགས་པ་དང་། གཞན་ཡང་སངས་རྒྱས་ཀྱི་བསྟན་པ་ལ་ཞེ་སྡང་བར་བགྱིད་པ་རྣམས་ཤིན་ཏུ་ཚར།
362a5 གཅོད་པར་འགྱུར་རོ།། ཏདྱ་ཐཱ། ཏ་ར་བེ་ཨ་ར་བེ། ཨ་ནོ་བེ། ས་ར་བེ། ཧུ་ལུ། མཧྨ་ཧུ་ལུ། ཧུ་ལུ་ཧུ་ལུ། ཨཱ་བད་ཌེ། བི་ཀད་ཌི། པ་རིཙྪེ་དཱ་ན། ནིཀྠཿཏི། རྦེ་གྷཱ་ཏ་ནི། ཨིད
362a6 ཌི་ཨི་ཌི། བིད་ཌི་བིད་ཊེ། ཨདདེ་ཚེ་གྷཙྪེ། མཱ་ར་ནི་གྲ་ཧ་ན་སརྦ་བ་ར་པྲ་བཱ་དཾ་ནི་གྲ་ཧ་ན། སརྦ་མིད་རྱཱ་པྲ་ཡཱ་ཌཱ་ནན་ནི་གྲ་ཧ་ན། སརྦ་བྷུ་ཏ་ནི་གྲ་ཧ་ན། བུད་དྷ་ཏེ་བ་ར་ནི། དཱ་དྷཱ་མ་ནོ་ཡེན་ཏ་ཤཱ་ཡ།
362a7 བུད་དྷ་ན་བུད་དྷ་བ་རན་ཏན། ཙ་ཏུར་མཧཱ་རཱ་ཛ་ནིར་དེ་ཤཱ་ན། མན་ཏྲ་བ་ལན། ཨ་བ་ཏཱ་ར་པྲྀ་ཀྵི་ནཱ་ན་གྲྀ་ཧཱ་ཡ། དེ་ནས་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔེའི་བྱམས་པ་དང་།
iiif viewer powered by OpenSeadragon
361b - 362b