e-texts navigator
Collection
Volume
Page
Wylie

361a1 པར་འགྱུར་བ་སྟེ། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་ཆོས་ཀྱི་སྦྱིན་པ་སྦྱིན་པ་དེ། ཡོན་ཏན་གྱི་ཁྱད་པར་ཡང་དག་དུལ་སུམ་ཅུ་རྩ་གཉིས་པོ་འདི་དག་ཐོབ་པར
361a2 འགྱུར་རོ། ། དེ་ནས་བཅོམ་ལྡན་འདས་ལ། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་གིས་ཀྱང་ཆོས་ཀྱི་རྣམ་གྲངས་འདི་བཟུང་ལགས་ཏེ།
361a3 བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པའི་སླད་ན། སེམས་ཅན་སྣོད་དུ་གྱུར་པ་དེ་དག་གི་རྣ་ལམ་དུ་བསྒྲག་པར་བགྱི། མོས་པར་བགྱི། ཀུན་བསྲུང་བར་བགྱིའོ།། དེ་ཅིའི་སླད་དུ
361a4 ཞེ་ན། བཅོམ་ལྡན་འདས་བདག་ནི་ཡོན་ཏན་ཕུན་སུམ་ཚོགས་པ་འདི་དང་། བསོད་ནམས་ཡོངས་སུ་འཛིན་པ་དོན་དུ་གཉེར་བའི་སླད་དུའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ལྷ་རྣམས་ཀྱི་དབང
361a5 པོ་བརྒྱ་བྱིན་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ཀོའུ་ཤི་ཀ་ཁྱོད་དམ་པའི་ཆོས་ཡོངས་སུ་གཟུང་བའི་ཕྱིར། ངའི་མདུན་དུ་སེང་གེའི་སྒྲ་བསྒྲགས་ལ་ལེགས་སོ་ལེགས་སོ།། ཀོའུ་ཤི་ཀ་དགེ
361a6 བའི་རྩ་བ་འདིས་ངའི་དམ་པའི་ཆོས་ཡུན་ཇི་སྲིད་གཅིག་ཏུ་གནས་པ་དེ་སྲིད་དུ་ལྷ་དང་ལྷ་མ་ཡིན་གཡུལ་འགྱེད་པ་ན། ལྷ་མ་ཡིན་རྣམས་ནི་ཕམ་པར་འགྱུར། ལྷ་རྣམས་ནི་རྒྱལ་བར
361a7 འགྱུར་རོ། ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཆུ་ཤིག་ཆོས་ཀྱི་རྣམ་གྲངས་འདི་ནི་ཆོས་ཡང་དག་ཕུལ་ཡིན་ཏེ། ཀོ་འུ་ཤི་ཀ་འདི་ལྟ་སྟེ། ཆོས་ཐམས་ཅད་མི་ངོམིགས་པ་དེ་ནི་འཇིགས་པ་མེད་ཟན




iiif viewer powered by OpenSeadragon

360b - 361b

Texts on this page

S165 - 'phags pa mi 'am ci'i rgyal po sdong pos zhus pa zhes bya ba theg pa chen po'i mdo