| | e-texts navigator
|
360a1 པ་རྣམས་ཀྱི་མཆོག་གོ། ། དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་ཆོས་ཀྱི་སྦྱིན་པ་བྱིན་པས་ནི་ཉོན་མོངས་པ་འབྲི་བར་འགྱུར་རོ།། ཟང་ཟིང་གི་སྦྱིན་པ་བྱིན་པས་ནི
360a2 ལུས་བརྟན་པ་བྱས་པར་འགྱུར་རོ། ། ཀུན་དགའ་བོ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་ཉོན་མོངས་པ་འབྲི་བར་བྱེད་པར་འདོད་པས། སངས་རྒྱས་ཀྱི་གནང་བ་ཆོས་ཀྱི་སྦྱིན་པ་སྦྱིན་པར་བྱས
360a3 ཏེ་ཆོས་ཀྱི་སྦྱིན་པ་དེས་ནི་ཡོན་ཏན་གྱི་ཁྱད་པར་ཐམས་ཅད་ཐོབ་པར་འགྱུར་རོ། ། བྱང་ཆུབ་སེམས་དཔའ་ཆོས་ཀྱི་སྦྱིན་པ་སྦྱིན་པ་ནི། ཡོན་ཏན་གྱིས་ཕན་ཡོན་ཡང་དག་ཕུལ་སུམ་ཅུ་རྩ་གཉིས
360a4 རབ་ཏུ་འཛིན་པར་འགྱུར་ཏེ། སུམ་ཅུ་རྩ་གཉིས་གང་ཞེ་ན། འདི་ལྟ་སྟེ། དྲན་པ་དང་ལྡན་པར་འགྱུར་བ་དང་། བློ་གྲོས་དང་ལྗོན་པར་འགྱུར་བ་དང་། རྟོགས་པ་དང་ལྡན་པར་འགྱུར་བ་དང
360a5 འདོད་ཆགས་རླུང་བར་འགྱུར་བ་དང་། ཞེ་སྡང་ཆུང་བར་འགྱུར་བ་དང་། གཏི་མུག་ཆུང་བར་འགྱུར་བ་དང་། བདག་དང་གཞན་གྱི་ཉོན་མོངས་པ་ཚར་གཅོད་པར་འགྱུར་བ་དང་། སྐྱེ་བོ་མང
360a6 པོ་དགའ་བར་འགྱུར་བ་དང་། དེའི་བསྔགས་པ་ལྷ་རྣམས་ཀྱིས་རྗོད་པར་འགྱུར་བ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་རྣམས་ཀྱིས་སྲུང་བར་འགྱུར་བ་དང་།། ལས་བྱོས་ནས
360a7 བསོད་སྙོམས་ཟ་བར་འགྱུར་བ་དང་། ཆོས་གོས་དང་། བསོད་སྙོམས་དང་། མལ་ཆ་དང་། ན་བའི་གསོས་སྨན་དང་། ཡོ་བྱད་རྙེད་པར་འགྱུར་བ་དང་། གྲགས་པ་དང་། སྒྲ་དང་།
iiif viewer powered by OpenSeadragon
359b - 360b