| | e-texts navigator
|
277b1 བཞི་དང་ལྡན་ན། རྒྱུ་དང་། བྱ་བ་དང་། ལས་ཀྱི་རྣམ་པར་སྨིན་པ་ལ་འཇུག་པ་ཤེས་པ་ལ་བརྗེད་པ་མེད་པར་སྤྱོད་པ་རྣམས་ཡིན་ཏེ། བཞི་གང་ཞེ་ན། ཆད་པར་སྨྲ་བ་མ་ཡིན་པ་དང་། རྟག་པར་སྨྲ་བ་མ
277b2 ཡིན་པ་དང་། རྒྱུ་དང་། བྱ་བ་དང་། ལས་ཀྱི་འབྲས་བུ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་འཇུག་པ་དང་། ཆོས་ལ་ཆོས་ཉིད་དུ་བྱེད་ཅིང་ཆོས་ལ་ཆོས་སུ་སྨྲའི། འདི་བེ་ང་བདག་གིས་མི་སྨྲ་བ་སྟེ། དེ་ལྟར
277b3 བྱ་བ་ལ་འཇུག་པས་རྒྱུ་དང་། བྱ་བ་དང་། ལས་ཀྱི་འབྲས་བུ་ཆུང་མི་གཟོན་པ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་འདི་དག་དང་ལྡན་ན། བྱ་བ་དང་། ལས་ཀྱི་རྣམ
277b4 པར་སྨིན་པ་ལ་འཇུག་པ་ཤེས་པ་ལ་བརྗེད་པ་མེད་པར་སྤྱོད་པ་རྣམས་ཡིན་ནོ། ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆེས་བཞི་དང་ལྡན་ན། སྦྱིན་པའི་པཔ་བརྒྱན་པ་རྣམས་ཡིན་ཏེ། བཞི
277b5 གང་ཞེ་ན། མཚན་གྱིས་ལེགས་པར་བརྒྱན་པ་རྣམས་ཡིན།། དཔེ་བྱད་བཟང་པོས་རྣམ་པར་སྤྲས་པ་རྣམས་ཡིན། གཟུགས་བལྟ་བས་མི་ངོམས་པ་རྣམས་ཡིན། ལག་ན་རིན་པོ་ཆེ་ཐེབ་པས
277b6 ལོངས་སྤྱོད་མི་ཟད་པ་ཡིན་ཏེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་འདི་དག་དང་ལྡན་ན། སྦྱིན་པའི་རྒྱན་གྱིས་བརྒྱན་པ་རྣམས་ཡིན་ནོ།། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ
277b7 ཆོས་བཞི་དང་ལྡན་ན། ཚུལ་ཁྲིམས་ཀྱི་རྒྱན་གྱིས་བརྒྱན་པ་རྣམས་ཡིན་ཏེ། བཞི་གང་ཞེ་ན། འཁོར་ལོ་སྦྱོར་བའི་རྒྱལ་པོར་འགྱུར་ཞིང་། བྱང་ཆུབ་ཀྱི་སེམས་ཀྱིས་བརྒྱན་པ་དང་། ལྷའི
iiif viewer powered by OpenSeadragon
277a - 278a