| | e-texts navigator
|
277a1 པར་རྩེ་བ་ཤེས་པ་དང་། སེམས་ལས་སུ་རུང་ཞིང་ཏིང་ངེ་འཛིན་ཕུན་སུམ་ཚོགས་པ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་འདི་དག་དང་ལྡནན།
277a2 སེམས་ཅན་ཐམས་ཅད་ཀྱི་དབང་པོའི་མཆོག་དང་མཆོག་མ་ཡིན་པ་ཤེས་པ་ལ་མཁས་པ་རྣམས་ཡིན་ནོ།། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན།། སོ་སོ་ཅི་རིགས
277a3 པཔར་ཆོས་སྟོན་པ་ལ་མཁས་པ་རྣམས་ཡིན་ཏེ། བཞི་གང་ཞེ་ན། སོ་སོ་ཡང་དག་པར་རིག་པ་ཤེས་པ་དང་། སེམས་ཅན་གཟུད་པར་ཤེས་པ་དང་། ཆོས་རབ་ཏུ་རྣམ་པར་འབྱེད་པ་ཤེས་པ་དང
277a4 བདག་གི་སེམས་སྦྱངས་པས་སེམས་ཅན་ཐམས་ཅད་ཀྱི་སེམས་སྦྱངས་པར་རབ་ཏུ་ཤེས་པ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན། སོ་སོ་ཅི་རིགས་པར
277a5 ཆོས་སྟོན་པ་ལ་མཁས་པ་རྣམས་ཡིན་ནོ། ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ཤེས་པ་ལ་འཇུག་པ་ལ་མཁས་པ་རྣམས
277a6 ཡིན་ཏེ། བཞི་གང་ཞེ་ན། ཤེས་རབ་ཀྱི་འཛུད་པ་དང་། ཡེ་ཤེས་ཆགས་པ་མེད་པ་དང་། ཐབས་ལ་མཁས་པ་ལ་ཞུགས་པས་སྒྲིབ་པ་ཐམས་ཅད་རྒྱུན་ཆད་པ་དང་། བློ་ཤིན་ཏུ་སྦྱངས་པ་སྟེ། རིགས་ཀྱི་བུ
277a7 བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་འདི་དག་དང་ལྡན་ན། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤོང་བ་ཤེས་པ་ལ་འཇུག་པར་མཁས་པ་རྣམས་ཡིན་ནོ།། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས
iiif viewer powered by OpenSeadragon
276b - 277b