| | e-texts navigator
|
274a1 རྟག་ཏུ་མི་མངའ་བ། ། ལས་རྣམས་རྣམ་སྨིན་ཁོ་ནའི་འབྲས་བུ་གསུང་།། ལྟ་བའི་མུན་བྲལ་ཁྱོད་ལ་ཕྱག་འཚལ་ལོ།། གང་ནས་མ་བྱོན་གང་དུའང་གཤེགས་མ་ལགས།
274a2 རྟག་ཏུ་བདེན་པའི་ཆོས་རྣམས་རབ་གསུང་བ།། སྨིག་རྒྱུ་སྒྱུ་བཞིན་ང་ཡིར་མི་མངའ་བ།། དགེ་བའི་ཆོས་ཚུལ་ཁྱོད་ལ་ཕྱག་འཚལ་ལོ།། སྐྱེ་བ་མི་སྐྱེ་གང་དུའང་སྐྱེ་མ་ལགས།། སྐྱེ་དང་འཇིག་དང
274a3 གང་དུའང་མི་བས་པ། ། ཆོས་ཀྱི་གནས་ཉིད་ཇི་ལྟའི་གནས་ལ་གནས།། གནས་ལ་མི་གནས་རྒྱལ་ལ་ཕྱག་འཚལ་ལོ།། དེ་བཞིན་ཁོ་ན་དེ་བཞིན་ཡང་དག་གསུང་།། རྟག་ཏུ་མིག་ཡོ་དེ་བཞིན་ཉིད་ལ་ཞུགས།
274a4 ལྷུན་པོའི་རྒྱལ་མཚན་རྡོ་རྗེ་འདྲ་བའི་སྐུ།། མི་གཡོ་རི་རབ་མཚུངས་ལ་ཕྱག་འཚལ་ལོ།། སྐུ་ནི་དབེན་ཞིང་མཉམ་ཐུགས་བློ་ལྡན་པ།། གྲགས་སེ་མཐའ་ཡས་འཇིག་རྟེན་གསུམ་དུ་གྲགས།། སྐྱེས་བུ
274a5 མཆོག་ལ་ཞུ་བ་ཞུས་པ་རྣམས། ། འཇིག་རྟེན་ཟླ་བས་མྱུར་དུ་སྐབས་དབྱེར་གསོལ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྔའི་ཅོད་པན་གྱིས་ཚུལ་དང་འདྲ་བའི་ཚིགས་སུ་བཅད་པ
274a6 འདི་དག་གིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་ནས། འདི་སྐད་ཅེས་གསོལ་ཏོ།། གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ། བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་ཕྱེ་ན། དེ་བཞིན
274a7 གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་ཕྱོགས་འགའ་ཞིག་ཞུའོ། ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་སེམས
iiif viewer powered by OpenSeadragon
273b - 274b