| | e-texts navigator
|
273a1 ཏེ་འདུག་གོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷའི་ཅོད་པན་ཞེས་བྱ་བ་འཁོར་དེ་ཉིད་དུ་འདུས་པ་དེས། བྱང་ཆུབ་སེམས་དཔའི་འཁོར
273a2 ཆེན་པོ་དེ་འདུས་པར་རིག་ནས། སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ
273a3 བྱས་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུང་ནས། བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར
273a4 བསྟོད་དོ། ། འཇིག་རྟེན་འདས་པ་འཇིག་རྟེན་སྒྲོན་མ་མཛད།། ཁྱོད་ནི་འཇིག་རྟེན་དོན་མཛད་བློ་གྲོས་ལྡན།། སྣང་བ་བརྙེས་ཤིང་ཉོན་མོངས་དྲི་བསལ་བ།། འཇིག་རྟེན་སྣང་མཛད་ཁྱོད་ལ་ཕྱག
273a5 འཚལ་ལོ། ། སྦྱིན་ལ་དགྱེས་ཤིང་སྟོབས་བཅུའི་མཆོག་མངའ་བ།། དུལ་བ་བཏུལ་བ་གདུལ་བྱའི་ཕ་རོལ་ཕྱིན།། བཅོམ་ལྡན་ལྷ་དང་མི་དང་ཀླས་མཆོད་པ།། གདུལ་བ་མཐར་ཕྱིན་ཁྱོད་ལ་ཕྱག་འཚལ་ལོ།།
273a6 མཚན་མཆོག་འགྲོ་བ་མང་པོའི་དོན་མཛད་པ།། འདོམ་གང་འོད་ནི་གསེར་གྱི་ཁ་དོག་འདྲ།། དགེ་བའི་མཚན་གྱིས་དམ་པའི་གཟུགས་མངའ་བ།། སྲིད་གསུམ་མཚུངས་མེད་ཁྱོད་ལ་ཕྱག་འཚལ་ལོ།།
273a7 ཕ་རོལ་གཤེགས་པ་གཞན་གྱི་ཚོགས་འཇོམས་ཤིང་།། ཕས་ཀྱི་རྒོལ་བའི་རྒོལ་འཇོམས་མི་གཡོ་བ།། སེམས་ཅན་གཞན་གྱི་སེམས་ཀྱི་སྤོད་ལ་མཁས།། ཐུགས་རྗེ་མཆོག་ལྡན་ཁྱོད་ལ་ཕྱག་འཚལ་ལོ།།
iiif viewer powered by OpenSeadragon
272b - 273b