| | e-texts navigator
|
272b1 གསུམ་རྣམ་པར་གནོན་དང་། དགའ་སྤོབས་དང་། སྤོབས་མྱུར་དང་། སྤོབས་པ་མི་འཆང་པ་དང་། སྤོབས་པ་བྱིན་གྱི་རླབས་དང་། འཇམ་སྒྲ་དང་། སེམས་ཅན་ཐམས་ཅད་ཚིམས
272b2 བྱེད་དང་། དྲ་བ་ཅན་གྱི་འོད་དང་། རྒྱལ་བའི་བློ་གྲོས་དང་། སྐྱེ་བར་ཚིམས་བྱེད་དང་། འགྲོ་འཛིན་དང་། བྷའི་རྒྱལ་པོས་མཆོད་དང་། མཆོག་གི་བློ་གྲོས་དང་། ཐོགས་མེད་སེམས་དང
272b3 སྐྱ་རེང་བློ་གྲོས་དང་། མི་བསྐྱོད་པ་དང་། དཔག་མེད་རིན་ཆེན་མཛོད་དང་། བྱང་ཆུབ་བློ་གྲོས་དང་། སྣ་ཚོགས་མེ་ཏོག་དང་། ལྷའི་མེ་ཏོག་རྒྱལ་པོ་དང་། ཚངས་དབྱངས་དང་། བཟང
272b4 སྐྱོང་དང་། དཀོན་མཆོག་འབྱུང་གནས་དང་། དེད་དཔོན་བཟང་པོ་དང་། མིས་བྱིན་དང་། ཆུ་ལྷ་དང་། འཇམ་དབྱངས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ
272b5 གཞོན་ནུར་གྱུར་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་བདུན་ཁྲི་ཉིས་སྟོང་དང་ཐབས་ཅིག་ཏུ་བཞུགས་སོ། ། གང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་བརྒྱ་བྱིན་དང་།
272b6 ཚངས་པ་དང་། འཇིག་རྟེན་སྐྱོང་བ་དང་། དེ་ལས་གཞན་པ་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན
272b7 པོ་དང་། མི་འམ་མི་མ་ཡིན་པ་རྣམས་བཅོམ་ལྡན་འདས་ལ་བལྟ་བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བ་དང་། ཆོས་མཉན་པའི་ཕྱིར་འཁོར་དེ་ཉིད་དུ་འདུས་པར་གྱུར
iiif viewer powered by OpenSeadragon
272a - 273a