| | e-texts navigator
|
272a1 ཀྱི་བྱ་བ་སོ་སོར་ཉེ་བར་གནས་པ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཡོན་ཏན་རིན་པོ་ཆེ་ཐམས་ཅད་ཀྱིས་བརྒྱན་པ། བསྐལ་པ་ཐམས་ཅད་དུ་བསྔགས་པ་ཡོངས་སུ་རྗོད
272a2 ཀྱང་མཐར་མི་ཕྱིན་པ་ཤ་སྟག་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགའ་བྱེད་དང་། དགའ་འབྱུང་དང་། ལག་ན་རིན་པོ་ཆེ་དང་། རིན་པོ་ཆེ་མེ་ཏོག་དང་། རིན་པོ་ཆེའི་ཏོག་དང་།
272a3 མཐོང་དགའ་དང་། དགའ་བའི་བློ་གྲོས་དང་། མིག་གིས་མཐོང་དགའ་དང་། ས་འཛིན་དང་། དགའ་ཞིང་མཆོག་ཏུ་དགོའ་བྱེད་དང་། སྤྱན་རས་གཟིགས་དབང་ཕྱུག་དང་། མཐུ་ཆེན་ཐོབ་དང་། དཔལ
272a4 ཆེན་དང་། བདུད་ཐུལ་དང་། མེ་ཏོག་མནྡ་ར་བའི་དྲི་དང་། རླུང་ལྷ་དང་། བདེན་དགའ་དང་། མཉམ་ལྟ་དང་། མཉམ་མི་མཉམ་ལྟ་དང་། ཁ་ལོ་སྒྱུར་དང་། གསོལ་བ་མ་བཏབ་པར་སེམས་ཅན་ཀུན
272a5 གྱི་བཤེས་གཉེན་དང་། བྱམས་པ་དང་། འབྲུག་སྒྲ་དང་། ལྷུན་པོའི་རྩེ་མོ་འཛིན་དང་། ལྷུན་པོ་བརྩེགས་པ་དང་། ལྷུན་པོའི་མཆོག་དང་། འོད་ཀྱི་ཏོག་དང་། འོད་དཔལ་དང་། སྒྲོན་མའི
272a6 རྒྱལ་པོ་དང་། མངོན་སུམ་བློ་གྲོས་དང་། འོད་ཀྱིས་ཡང་དག་བརྒྱན་དང་། སྣ་ཚོགས་ཅོད་པན་དང་། ལྷའི་ཅོད་པན་དང་། ལྷ་ཡུལ་བའི་ཅོད་པན་དང་། མཛེས་པའི་མིག་གིས་ལྟ་བ་དང་། ལག
272a7 བཟངས་དང་། ལེགས་པར་བསམས་པ་སེམས་པ་དང་། འཁོར་ལོ་རབ་གནས་པ་དང་། མི་གཡོ་རྐང་པས་རྣམ་པར་གནོན་དང་། རྡོ་རྗེ་རྐང་པས་རྣམ་པར་གནོན་དང་། རྐང་པས་འཇིག་རྟེན
iiif viewer powered by OpenSeadragon
271b - 272b