e-texts navigator
Collection
Volume
Page
Wylie

271a1 ལུང་བསྟན་པ། ཇི་ལྟར་སྨྲས་པ་དེ་བཞིན་བྱེད་པ། དེ་ཁོ་ནའི་ཆོས་ཀྱི་ཚུལ་ལ་བརྩོན་པ། འོད་ཀྱིས་ཉི་མ་དང་ཟླ་བ་མོག་མོག་པོར་བྱེད་པ། ཕྱོགས་བཅུར་སྒྲ་བསྒྲགས་པ
271a2 སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱིས་ཤིན་ཏུ་བྱིན་གྱིས་བརླབས་པ། ཆོས་དཀོན་མཆོག་གི་མཛོད་ཡང་དག་པར་འཛིན་པ། དཀོན་མཆོག་གསུམ་གྱི་རིགས་མི་གཅོད་པར་ཡིད་ལ་བྱེད་པ
271a3 སངས་རྒྱས་ཀྱི་ཞིང་མཐའ་ཡས་པར་འགྲོ་བ་ལ་མཁས་པ། ཤིན་ཏུ་རྣམ་པར་ཕྱེ་བ་རྣམ་པར་འབྱེད་པ་ལ་གནས་པའི་བློ་དང་ལྡན་པ།། མཐོང་བ་དང་ཐོས་པ་དོན་ཡོད་པས་རྣམ་པར་གནོན་པ། རྟག་པར
271a4 རྒྱུན་དུ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ལ་བརྩོན་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་ལ་མཁས་པའི་ཕ་རོལ་ཏུ་སོན་པ། སེམས་ཅན་ཐམས་ཅད་ཀྱི་དབང་པོ་མཆོག་དང་མཆོག་མ
271a5 ཡིན་པ་ཤེས་པས་ཅི་རིགས་པར་ཆོས་སྟོན་པ། ། སེམས་ཅན་ཐམས་ཅད་ཀྱི་སྤྱོད་པའི་མཚན་ཉིད་ཀྱི་བྱ་བ་ལ་མཁས་པས། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་འཇུག་པ་དང་བཏགས་པ་ལ་བདེ
271a6 བླག་ཏུ་མཁས་པ། མི་འཇིགས་པ་ཆེན་པོས་འཇིགས་པ་མེད་པ་དང་། རྐོ་བ་དང་། ན་བ་དང་། འཆི་བ་དང་། ཉོན་མོངས་པ་རབ་ཏུ་ཞི་བར་བྱེད་པ། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དཔག་ཏུ་མེད
271a7 པ་ལ་དགེ་བའི་རྩ་བ་བསྐྱེད་པས། ། མཚན་དང་དཔེ་བྱད་བཟང་པོ་ཡོངས་སུ་རྫོགས་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཆོས




iiif viewer powered by OpenSeadragon

270b - 271b

Texts on this page

S165 - 'phags pa mi 'am ci'i rgyal po sdong pos zhus pa zhes bya ba theg pa chen po'i mdo