| | e-texts navigator
|
155a1 སྔོན་གྱི་རྒྱལ་བ་རྣམས་ལ་བགྱི་བ་བགྱིས་པ་ལགས་ཏེ། དེ་དག་དེ་ལྟར་རིག་པར་བགྱིའོ།། དེ་ནས་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ།།
155a2 བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ
155a3 ཏོ། ། ཤཱ་རིའི་བུ་དེའི་ཕྱིར་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་འཇམ་དཔལ་གཞོན་ནུར་གྱུར་པས་ཞུས་ནས་ངས་ལན་བཏབ་པ་ཞེས་བྱ་བར་ཟུང་ཞིག། ཆོས་ཀྱི་དབྱིངས་ཞེས་བྱ་བར་ཡང་ཟུང་ཞིག། ཡང
155a4 དག་པའི་མཐའ་ཞེས་བྱ་བ་དང་། རིན་པོ་ཆེའི་མཐའ་ཞེས་བྱ་བར་ཡང་ཟུང་ཞིག། ཤཱ་རིའི་བུ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དག་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་དང་། འཆང་བ་དང་།
155a5 ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། སྐོམ་པ་དང་། སྦྱོར་བ་ལ་བརྩོན་པར་གནས་པ་དེ་དག་ནི་རིན་པོ་ཆེ་དང་འདྲ་བ་ཡིན་ཏེ། མི་སྐྱེ་བའི་ཆོས་རྣམས་ལའང་བཟོད་པ་མྱུར་དུ་ཐོབ་པར་འགྱུར་རོ།།
155a6 གཞན་དག་ལའང་དགེ་བའི་རྩ་བ་རྣམས་ཡང་དག་པར་སྐྱེད་པར་འགྱུར་རོ།། ཆོས་ཉུང་ངུ་ཀུན་ཆུབ་པར་བྱས་པས་ཀྱང་ཆོས་མང་པོ་སྟོན་པར་འགྱུར་རོ།། སྤོབས་པ་མི་ཆོད་པར་ཡང་འགྱུར་རོ།།
155a7 བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། འཇམ་དཔལ་གཞོན་ནུར་གྱུར་པ་དང་། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི
iiif viewer powered by OpenSeadragon
154b - 155b