| | e-texts navigator
|
154a1 ཅད་ནི་མི་ཟད་པ་ཉིད་ཀྱི་ཞིང་ཡིན་ཏེ། དེ་ལྟར་མོས་སོ།། སྨྲས་པ། བཙུན་པ་ཤཱ་རིའི་བུ་ཁྱོད་ཆོས་ཐམས་ཅད་ཡོངས་སུ་ཤེས་པར་བྱ་བ་མ་ཡིན་པ་དང་། སྤང་བར་བྱ་བ་མ
154a2 ཡིན་པ་དང་། མངོན་སུམ་དུ་བྱ་བ་མ་ཡིན་པ་དང་། བསྒོམ་པར་བྱ་བ་མ་ཡིན་པར་མོས་སམ། སྨྲས་པ། མོས་སོ།། སྨྲས་པ། ཇི་ལྟར་མོས། སྨྲས་པ། འཇམ་དཔལ་ངོ་བོ་ཉིད་ཀྱི་ངོ་བོ་ཉིད་ཡོངས་སུ
154a3 མི་ཤེས་པ་དང་། རང་བཞིན་གྱིས་རང་བཞིན་སྤོང་བ་དང་། མངོན་སུམ་དུ་མི་བྱེད་པ་དང་། སྒོམ་པར་མི་བྱེད་པ་དང་། སྐྱེ་བར་མི་བྱེད་པ་དང་། འགག་པར་མི་བྱེད་པ་དང་། ལེན་པར་མི་བྱེད་པ་དང་། འདོར
154a4 བར་མི་བྱེད་པ་དང་། མཐའ་དེ་ནི་མི་གནས་པ་ཉིད་དེ། དེ་ལྟར་མོས་སོ།། སྨྲས་པ། བཙུན་པ་ཤཱ་རིའི་བུ་ཁྱོད་ཆོས་ཀྱི་དབྱིངས་ནི་ཕུང་པོར་མི་འདུག་པའི་དབྱིངས་ཡིན་པ་དང་། ཆོས་གང་ཡང་སྐྱེ་བ་འམ།
154a5 འགག་པ་མེད་པ་འམ། ཆོས་གང་ཡང་ཕུང་པོར་འདུག་པ་མེད་པར་མོས་སམ། སྨྲས་པ། མོས་སོ།། སྨྲས་པ། ཇི་ལྟར་མོས། སྨྲས་པ། འཇམ་དཔལ་ཆོས་གང་ཡང་སྐྱེ་བ་འམ། འགག་པའམ
154a6 ཕུང་པོར་འདུག་པ་དེ་ནི་མི་དམིགས་ཏེ། དེ་ལྟར་མོས་སོ།། སྨྲས་པ། བཙུན་པ་ཤཱ་རིའི་བུ་ཁྱོད་ཤེས་རབ་གང་ཡིན་པ་དེ་ཆོས་ཀྱི་དབྱིངས་ཡིན་ལ། ཆོས་ཀྱི་དབྱིངས་གང་ཡིན་པ་དེ་ཤེས་རབ་ཡིན་ཏེ། ཆོས་ཀྱི
154a7 དབྱིངས་ཞེས་བྱ་བའི་མིང་ཡང་ཐོབ་པ་དང་། དེའི་ཕྱིར་ཡང་དགྲ་བཅོམ་པ་ཞེས་བྱ་བར་མོས་སམ། སྨྲས་པ། མོས་སོ།། སྨྲས་པ། ཇི་ལྟར་མོས། སྨྲས་པ། འཇམ་དཔལ་རྟོགས་པར་འགྱུར་བའི
iiif viewer powered by OpenSeadragon
153b - 154b