| | e-texts navigator
|
149a1 ང་ད་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་གྱུར་པ་འདི་ལ་ཁྱོད་འདི་སྙམ་དུ་འདི་ཡོང་སུ་མྱ་ངན་ལས་འདའ་བར་འགྱུར་བ་འམ། མི་སྣང
149a2 བར་འགྱུར་རོ་སྙམ་དུ་སེམས་སམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ།། དེ་ཅིའི་སླད་དུ་ཞེ་ན། ཆོས་ཀྱི་དབྱིངས་ནི་ཡང་དག་པར་གྲུབ་པ་མ་ལགས་པའི་སླད་དུ་ལགས་སོ།།
149a3 བཅོམ་ལྡན་འདས་གལ་ཏེ་ཆོས་ཀྱི་དབྱིངས་ཡང་དག་པར་གྲུབ་པ་ཞིག་ལགས་ན་ནི། དེའི་སླད་དུ་དེ་མི་གདའ་བར་ཡང་འགྱུར་བ་ཞིག་ན། དེ་ལ་ནི་ཡང་དག་པར་གྲུབ་པ་མི་དམིགས་པ་སྟེ། དེ་མི་གདའ
149a4 བ་འམ། ཡོངས་སུ་མྱ་ངན་ལས་འདའ་བར་ལྟ་ག་ལ་འགྱུར་ལགས། དེ་བཞིན་གཤེགས་པ་ནི་དེ་ལྟ་བུའི་དབྱིངས་ལགས་ཏེ། དེའི་སླད་དུ་བཅོམ་ལྡན་འདས་ནི་སྐྱེ་བའང་མ་ལགས། ཡོངས་སུ
149a5 མྱ་ངན་ལས་འདའ་བར་མི་འགྱུར་ལགས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་འོ་ན་ཁྱོད་འདས་པའི་དེ་བཞིན་གཤེགས་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་པོ་དེ་དག་ཡོངས་སུ་མྱ་ངན
149a6 ལས་འདས་སོ་ཞེས་དེ་ལ་ཁྱོད་ཇི་ལྟར་མི་མོས། གསོལ་པ། གལ་ཏེ་དེ་དག་གི་སྐྱེ་བ་ཡང་དག་པར་རྗེས་སུ་མཐོང་ན་ནི། བདག་མོས་ལགས་སོ།། བཀའ་སྩལ་པ། ཁྱོད་སོ་སོའི་སྐྱེ་བོ་ཤི
149a7 བ་རྣམས་ཉིང་མཚམས་སྦྱོར་བར་འདོད་དམ། གསོལ་པ། བཅོམ་ལྡན་འདས་སོ་སོའི་སྐྱེ་བོ་ཉིད་ཀྱང་བདག་གིས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། མི་དམིགས་ན། དེའི་ཉིང་མཚམས་སྦྱོར་བ
iiif viewer powered by OpenSeadragon
148b - 149b