| | e-texts navigator
|
148a1 ལན་གདབ་པར་བགྱི་ལགས་སོ། ། བཅོམ་ལྡན་འདས་དེ་བཞིན་དུ་སངས་རྒྱས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། རང་སངས་རྒྱས་རྣམས་དང་། ཉན་ཐོས
148a2 རྣམས་ཀྱི་ཡོངས་སུ་མྱ་ངན་ལས་འདས་པའང་ཐ་དད་པར་གདགས་པར་རྔོ་མི་ཐོགས་ལགས་སོ། ། བཅོམ་ལྡན་འདས་དེ་དག་གི་གནས་པ་དག་ཀྱང་ཐ་དད་པར་གདགས་པར་རྔོ་མི་ཐོགས་ལགས་སོ།།
148a3 རྡོ་ཅིའི་སླད་དུ་ཞེ་ན། འདི་ལྟར་ཆོས་ཀྱི་དབྱིངས་ལས་ཐ་མི་དད་པའི་སླད་དུ་ལགས་སོ།། བཅོམ་ལྡན་འདས་དཔེར་བཙུན། རྒྱ་མཚོ་ཆེན་པོའི་རིན་པོ་ཆེ་སྣ་ཚོགས་དུང་དང་། མན་ཤེས་དང་། བྱཱརྨ
148a4 ལ་སོགས་པ་ཐ་མ་དང་། འབྲིང་དང་། མཆོག་རྣམས་ལ་འདི་ནི་རིན་པོ་ཆེ་ཆེ་གེ་མོ་ཞིག་གོ།། འདི་ནི་རིན་པོ་ཆེ་ཆེ་གེ་མོ་ཞིག་གོ་ཞེས་ཐ་དད་པར་གདགས་སུ་མཆིས་ལགས་ཀྱི། ཆོས་ཀྱི་དབྱིངས་ལ
148a5 ནི་དེ་ལྟར་ཐ་དད་པར་གདགས་པའི་རྔོ་མི་ཐོགས་ལ། གདགས་པ་དེ་ལའང་ཐ་དད་པར་དབྱེར་མ་མཆིས་ལགས་སོ།། དེ་ལ་ནི་འཆི་འཕོ་དང་སྐྱེ་བ་ཐ་དད་པར་གདགས་པའི་རྔོ་མི་ཐོགས་ལགས་སོ།། དེ་ཅིའི
148a6 སླད་དུ་ཞེ་ན། ཆོས་ཀྱི་དབྱིངས་ལ་ནི་འཆི་འཕོ་འམ། སྐྱེ་བ་འམ། ཀུན་ནས་ཉོན་མོངས་པ་འམ། རྣམ་པར་བྱང་བ་མ་མཆིས་པའི་སླད་དུ་ལགས་སོ།། ཆོས་ཀྱི་དབྱིངས་ནི་ཀུན་ནས་ཉོན་མོངས་པ
148a7 ཅན་མ་ལགས། ཆོས་ཀྱི་དབྱིངས་ནི་འདྲེས་པ་ལགས་ཏེ། ཆོས་ཀྱི་དབྱིངས་ལ་ནི་གང་དག་སྤང་བར་བགྱི་བ་འམ། བསྐྱེད་པར་བགྱི་བའི་ཆོས་དེ་དག་མ་མཆིས་ལགས་སོ།། དེ་ནས་བཅོམ་ལྡན་འདས
iiif viewer powered by OpenSeadragon
147b - 148b