e-texts navigator
Collection
Volume
Page
Wylie

147b1 མེད་པ་ནི་ཆོས་ཀྱི་དབྱིངས་དང་མཚུངས་མཉམ་པའི་ཕྱིར་ཏེ། འདི་ལྟར་མཚམས་མེད་པའི་དབྱིངས་དང་། ཆོས་ཀྱི་དབྱིངས་འདི་ནི་གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་དེ། འདི་ལ་ནི་འོང་བ་འམ། འགྲོ་བ
147b2 འམ། ཀུན་ནས་ལྡང་བ་མི་དམིགས་སོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། འཇམ་དཔལ་གཞོན་ནུར་གྱུར་པས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ
147b3 ལྡན་འདས་ལ་བདག་གིས་ཀྱང་ཆོས་ཀྱི་དབྱིངས་ངན་སོང་དུ་འཆི་བ་འམ། མཐོ་རིས་སུ་མཆི་བ་འམ། མྱ་ངན་ལས་འདས་པར་མཆི་བར་མ་མཐོང་ལེགས་སོ།། བཀའ་སྩལ་པ། འཇམ་དཔལ་གལ་ཏེ
147b4 ལ་ལ་ཞིག་ཁྱོད་ལ་འདི་སྐད་དུ་འདྲི་སྟེ། ཁྱོད་ཀྱི་སྟོན་པ་འགྲོ་བ་དྲུག་དང་ལྡན་པའི་འཁོར་བ་ཇི་ལྟར་འདོགས་ཞེས་དེ་སྐད་དྲིས་ན། འཇམ་དཔལ་ཁྱོད་ཀྱིས་ཇི་སྐད་ལན་གད་བ། གསོལ་པ། བཅོམ་ལྡན
147b5 འདས་དེ་སྐད་དུ་སྨྲས་ན། བདག་གིས་འདི་སྐད་དུ་ལན་གདབ་པར་བགྱི་སྟེ། དཔེར་ན་མི་གཉིད་ཀྱིས་ལོག་པའི་རྨི་ལམ་དུ་སེམས་ཅན་དམྱལ་བ་འམ། དུད་འགྲོའི་སྐྱེ་གནས་སམ། ཡི་དགས་ཀྱི་ཡུལ
147b6 ལམ། ལྷ་མ་ཡིན་གྱི་རིས་སམ། ལྷ་རྣམས་སམ། མི་རྣམས་མཐོང་ན། བཅོམ་ལྡན་འདས་ཇི་ལྟར་གཡར་ལམ་རྨི་བའི་མིས་སྣ་ཚོགས་མཐོང་ཡང་གཡར་ལམ་སྣ་ཚོགས་མ་མཆིས་པ་དེ་བཞིན
147b7 དུ། བདག་གིས་འགྲོ་བ་ཐ་དད་པ་བསྟན་ཀྱང་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ནི་ཐ་དད་པར་གདགས་པར་རྔོ་མི་ཐོགས་ཏེ། དེ་ལྟར་ལགས་པས་བཅོམ་ལྡན་འདས་བདག་གིས་ནི་དེ་སྐད་འདྲི་བ་ལ་དེ་སྐད་ཅེས




iiif viewer powered by OpenSeadragon

147a - 148a

Texts on this page

S163 - 'phags pa rin po che'i mtha' zhes bya ba theg pa chen po'i mdo