| | e-texts navigator
|
126a1 གཅད་པ་དང་། ཕས་ཀྱི་རྒོལ་བ་ཐམས་ཅད་ཆོས་དང་འཐུན་པས་ཟིལ་གྱིས་གནན་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། དམ་པའི་ཆོས་ཡོངས་སུ་གཟུང་བ་སྟེ། @
126a2 པ་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའི་ལས་སོ། ། ལས་བཞི་པོ་དག་ཀྱང་ལས་གཅིག་གིས་ཡོངས་སུ་བསྡུས་སོ།། གཅིག་པོ་གང་ཞེ་ན། འདི་ལྟ་སྟེ། དམ་པའི་ཆོས་ཡོངས་སུ་འཛིན་པའོ།། དེའི་ཚེ
126a3 བཅོམ་ལྡན་འདས་ཀྱིས་གནས་བརྟན་འོད་སྲུངས་ཆེན་པོ་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། འོད་སྲུངས་དང་ཀུན་དགའ་བོ་ཇི་ཙམ་དུ་གཟུང་བ་དང་། བཅང་བ་དང་། བཀླག
126a4 པ་དང་། གཞན་དག་ལའང་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པར་བྱ་བའི་ཕྱིར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་ཡོངས་སུ་གཏད་དོ།། འོད་སྲུངས་ཆེན་པོས་གསོལ་པ། བཅོམ
126a5 ལྡན་འདས་བདག་གི་མཐུ་དང་། སྟོབས་དང་། ནུས་པ་ཇི་ལྟ་བ་བཞིན་དུ། དེ་བཞིན་གཤེགས་པའི་བྱང་ཆུབ་འདི་ཡོངས་སུ་གཟུང་བར་བགྱིའོ།། ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་ཆོས
126a6 ཀྱི་རྣམ་གྲངས་འདི་བདག་གིས་གཟུང་ལགས་ཏེ། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་བདག་གིས་ཡངས་ཤིང་རྒྱས་པར་བགྱིའོ།། དེ་ནས་བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་སེམས
126a7 དཔའ་ཆེན་པོ་བསོད་ནམས་ཀྱིས་བརྒྱན་པས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་འདི་ལྟ་བུའི་མདོ་སྡེ་དེ་བཞིན་གཤེགས་པས་གསུངས་པ་ཟབ་མོར་སྣང་བ།
iiif viewer powered by OpenSeadragon
125b - 126b