e-texts navigator
Collection
Volume
Page
Wylie

124a1 མེ་ཏྲཱི། ཨན་ནུ་རོ་དྷ་བི་རོ་དྷ་མེ་ཏྲི། ཨ་ཏ་མོ་མ་ཏྲི། བྲ་ཧྨ་བ་ཐ་མེ་ཏྲི། དྷཱ་ནཱ་ལང་ཀཱ་ར་མེ་ཏྲི། ཏ་སྱ་ཨ་ནུ་སན་དྷི་ཀཱ་རུ་ན་མེ་ཏྲི། ཏ་སྱ་ནུ་སན་དྷི་མུ་དི་ཏ་མེ་ཏྲི། ཏ་སྱ་ཨ་ནུ་སན་དྷི་ཨུ་པེཀྵ་མེ།
124a2 ཏྲི། བྲཧྨ་པ་ཐ་ཨ་ནུ་ག་མ་ན་མེ་ཏྲི། ཙིད་ཏ་ཨོའུད་བི་ལ་ལྱ་མཾ་ཏྲི། ཨ་ནུ་སཱ་ར་ནཱ་མེ་ཏྲི། ནིསྟི་ར་ཎ་མ་ཏྲི། སརྦ་ཏྲཱ་ནུ་ག་མ་ན་མེ་ཏྲི། ཨ་གང་ཚ་ཏུ། བྲཧྨ་སྲད་སིད་ཛྱ། དྷན་ས་ཁན་བྷྱད་ཏིཥྛ། སྭ་ས་མཱ་དྷྱེ།
124a3 ནིསྒྲ་མ་མ་ཧཱ་བི་མཱ་ནད། བྱ་བ་ལོ་ཀ་ཡ། ཛ་མ་པཱུ་དྭཱི་པན། ཀུ་རུ་ཤྭ་དྷརྨ་རཀྵན། མཱ་ཏི་ཀྲ་མ་བུད་དྷ་དྷིཥྛཱ་ནཱན། ནམ་མཁའ་མཛོད་འདི་དག་ནི་མི་མཇེད་ཀྱི་བདག་པོ་ཚངས་པ་དགུག་པའི་ཚིག་གོ། དེ་ནས་མི
124a4 མཇེད་ཀྱི་བདག་པོ་ཚངས་པ་ཚངས་པའི་འཇིག་རྟེན་ན་འདུག་པ། སངས་རྒྱས་ཀྱི་བྱིན་གྱིས་བརླབས་པའི་རིག་པའི་གསང་སྔགས་བྱམས་པའི་ཚིག་འདི་དག་སངས་རྒྱས་ཀྱི་མཐུས། ལྷའི་རྣ་བའི་ཁམས་ཀྱིས་ཐོས
124a5 ཏེ། ཐོས་ནས་ཀྱང་ཚངས་པ་བརྒྱ་སྟོང་ཕྲག་དྲུག་ཅུ་རྩ་བརྒྱད་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ
124a6 འདུག་གོ། ། ཕྱོགས་གཅིག་ཏུ་འདུག་ནས། མི་མཇེད་ཀྱི་བདག་པོ་ཚངས་པས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་དེ་བཞིན་གཤེགས
124a7 པའི་བྱིན་གྱི་རླབས་ཀྱིས་བྱིན་གྱིས་བརླབས་པས། བདག་ཅག་བྱམས་པ་དང་སྙིང་རྗེར་ལྡན་ཏེ། ཆོས་ཀྱི་རྣམ་གྲངས་འདི་བསྲུང་བའི་སླད་དུ་ནན་ཏན་དུ་བགྱིའོ།། གང་ཆོས་སྨྲ་བ་དེ་དག་འདི་ལྟ་བུའི




iiif viewer powered by OpenSeadragon

123b - 124b

Texts on this page

S160 - 'phags pa nam mkha' mdzod kyis zhus pa zhes bya ba theg pa chen po'i mdo