| | e-texts navigator
|
122b1 མཚམས་སྦྱར་བར་བགྱིའོ། ། སྤོབས་པའང་སྩལ་བར་འགྱིའོ།། དྲན་པ་དང་། བློ་གྲོས་དང་། རྟོགས་པ་དང་། དགའ་བའང་འཕེལ་བར་བགྱིའོ།། དེ་སྐད་ཅེས་གསོལ་པ་དང་། བཅོམ
122b2 ལྡན་འདས་ཀྱིས། རྒྱལ་པོ་ཆེན་པོ་དེ་བཞི་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། གྲོགས་པོ་དག་འདི་ལྟ་སྟེ། ཁྱེད་ནི་ངའི་བུ་ཆོས་ལས་ཆོས་ཀྱིས་བྱུང་བ་སྟེ། ཁྱེད་རྣམས་ངའི་དམ་པའི་ཆོས
122b3 ཡོངས་སུ་གཟུང་བའི་ཕྱིར་སྤྲོ་བ་སྟོན་པ་ནི་ལེགས་སོ་ལེགས་སོ། ། ཁྱེད་རྣམས་ཆོས་ཀྱི་རྒྱུ་འཐུན་པ་འདིས། འཇིག་རྟེན་དུ་འཇིག་རྟེན་གྱི་བདག་པོར་འགྱུར་ཏེ། འཇིག་རྟེན་ཐམས
122b4 ཅད་ལས་ཡང་དག་པར་འདས་ནས། འཕགས་པ་མྱ་ངན་ལས་འདས་པའི་དབྱིངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ།། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ
122b5 ནམ་མཁའ་མཛོད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། རིགས་ཀྱི་བུ་ལྷའི་དབང་པོ་བརྒྱ་བྱིན་དགུག་པའི་ཚིག་བཤད་པར་བྱ་སྟེ། རིག་པའི་གསང་སྔགས་ཀྱི་ཚིག་དེ་དག་གིས་ལྷའི་དབང་པོ་བརྒྱ་བྱིན
122b6 ཆོས་ཀྱི་རྣམ་གྲངས་འདི་བསྲུང་བ་དང་། ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་གནས་པར་འགྱུར་རོ།། དེ་ལ་ཚིག་ནི་འདི་རྣམས་སོ།། འདི་ལྟ་སྟེ། ཤྲུ་བྷེ། ཤུ་དྷ་མ་ཏི། ཤུ་དྷ་བྱུང
122b7 ད་ད་རེ། ད་རི་ཊེ། ཏུ་ར་ཎེ། ད་མེ། ཤ་མེ། ཨུ་པ་ཤ་མེ། ཁུ་བེ། ཨུག་ཁུ་རེ། ཨ་སོ་མུ་ཁེ། དྷ་ར་ནི། ཨཱ་ར་ཌེ། ཤུ་ཤྲུའུ་ཥཾ། ས་ཧི་ཏེ། ཨ་བྷ་དེ། བྷེ་ད་སན་དྷི་ས་མེ། ས་མ
iiif viewer powered by OpenSeadragon
122a - 123a