| | e-texts navigator
|
121b1 རྟག་པ་དང་། སྡུག་བསྔལ་བར་རིག་ཅིང་ཆོས་ཐམས་ཅད་ལ་བདག་མེད་པར་རིག་ལ། མྱ་ངན་འདས་བཞི་པར་རིག་ནས། སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་བསྐྱེད་དེ། དཀོན
121b2 མཆོག་གསུམ་གྱི་རིགས་རྒྱུན་མི་གཅད་པའི་ཕྱིར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན། དེ་ནི་དེ་བས་ཆེས་བསོད་ནམས་མང་དུ་སྐྱེད་དོ།། དེ་ནས་བཅོ
121b3 ལྡན་འདས་ལ། བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སླད་མའི་ཚེ་སླད་མའི་དུས་ན། ཅི་ནས་ཆོས་ཀྱི་རྣམ་གྲངས་འདི་འཛམ་བུའི།
121b4 གླིང་དུ་སྤྱོད་ཅིང་། རྒྱས་པར་ཡང་འགྱུར་བར་དེ་བཞིན་གཤེགས་པས་ཆོས་ཀྱི་རྣམ་གྲངས་འདི་བྱིན་གྱིས་བརླབ་ཏུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེའི་ཕྱིར
121b5 རྒྱལ་པོ་ཆེན་པོ་བཞི་དགུག་པའི་ཚིག་བཤད་པར་བྱ་སྟེ། དགུག་པའི་ཆོག་དེ་དག་གིས་རྒྱལ་པོ་ཆེན་པོ་བཞི་འོངས་ནས། ཆོས་ཀྱི་རྣམ་གྲངས་འདི་ཡུན་རིང་དུ་གནས་པར་བྱ་བ་དང་། རྒྱ་ཆེར་རྣམ་པར
121b6 དབྱེ་ཞིང་རབ་ཏུ་བསྟན་པར་ཕྱིར་བརྩོན་པར་འགྱུར་རོ། ། དེ་ལ་འདི་དག་ནི་དགུག་པའི་ཚིག་གོ། འདི་ལྟ་སྟེ། དྷུ་དྷུ་རེ། དྷི་དྷི་རེ། དྷ་ཛྭ་ལ་ཏི། དྷཱ་ཛཱ་ལང་ཀཱ་རེ། ཨཱ་བརྟ་ནི། ཤ་མོ་ཤ་མ་པ་ཏི།
121b7 ཤཱན་ཏི་མུ་ཁེ། ནི་གྲྀ་ཧ་བ་ར་བཀ་ཀྴ། ཨ་ནོ་དཱ་ར། ཨཱ་ནོ་དཱ། ཨུ་དཱ་ར་བི་ག་མ། ས་མ་པ་ཐཱ། པ་ཐ་ཤུད་དྷི། པཻ་ཐཱཾ་ནུག་མཻ། པཐཱ་སན་དྷི། པྲད་ཛྙཱ་མུ་ཁེ
iiif viewer powered by OpenSeadragon
121a - 122a