e-texts navigator
Collection
Volume
Page
Wylie

120b1 དུ་སེམས། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་དེ་དག་གི་རྡུལ་ཕྲ་རབ་རྣམས་ཚུལ་དེ་ལྟ་བུས་ཕྱོགས་བཞག་པ་ལ་ཚད་དམ་མཐའ་རྟོགས་པར་ནུས་སམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ
120b2 ནུས་སོ། ། གཞན་དུ་ན་དེ་བཞིན་གཤེགས་པས་སངས་རྒྱས་ཀྱི་ཡེ་ཤེས་ཆགས་པ་མི་མངའ་བས་མཁྱེན་པ་ནི་མ་གཏོགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ
120b3 ལྟར་སངས་རྒྱས་ཀྱི་ཞིང་ཇི་སྙེད་པ་དེ་དག་ལས་གང་དུ་རྡུལ་ཕྲ་རབ་དེ་དག་བཞག་པར་གྱུར་པའི་སངས་རྒྱས་ཀྱི་ཞིང་དེ་དག་ཐམས་ཅད་གྲོང་ཁྱེར་གཅིག་ཏུ་གྱུར་ཏེ་རྩིག་པས་བསྐོར་ནས། འོག་གི་ཆུའི
120b4 ཕུང་པོ་ནས་བཟུང་སྟེ། སྲིད་པའི་རྩེ་མོའི་བར་གྱི་གྲོང་ཁྱེར་དེ་དག་ཡུངས་འབྲུ་མི་རྩུབ་པ་འབའ་ཞིག་གིས་ཡོངས་སུ་གང་བར་གྱུར་ན། རིགས་ཀྱི་བུ་འདི་ཇི་སྙམ་དུ་སེམས།། ཡུངས་འབྲུ་དེ་དག
120b5 མང་ངམ། གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ཇི་ལྟར་དཔེ་འདི་བཙལ་བ་ངོ་མཚར་ཏོ།། བཅོམ་ལྡན་འདས་གང་དཔེ་འདི་ཐོས་ནས་དད་པར་འགྱུར་བའི་སེམས་ཅན་དེ་དག
120b6 ཀྱང་ངོ་མཚར་རྨད་དུ་བྱུང་བའི་ཆོས་དང་ལྡན་པར་འགྱུར་རོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་བཞིན་གཤེགས་པས་ནི་ཡུངས་འབྲུ་དེ་དག་བརྒྱ་ཕྲག་འདི་སྙེད་ཅིག་ཅེའམ།
120b7 སྟོང་ཕྲག་འདི་སྙེད་ཅིག་ཙ་འམ། བརྒྱ་སྟོང་ཕྲག་འདི་སྙེད་ཅིག་ཅེ་འམ། དཀྲིགས་པ་དང་། གཏམས་པ་དང་། ཁྱད་ཕྱིན་དང་། མི་འཁྲུགས་པ་ཕྲག་འདི་སྙེད་ཅིག་ཅེ་འམ། སངས་རྒྱས




iiif viewer powered by OpenSeadragon

120a - 121a

Texts on this page

S160 - 'phags pa nam mkha' mdzod kyis zhus pa zhes bya ba theg pa chen po'i mdo