| | e-texts navigator
|
115a1 གཏམ་རྣམས་གསུང་ངོ་། ། ཀྱེ་གྲོགས་པོ་དག་ཉོན་མོངས་པ་ནི་ཡུལ་ལའང་མི་གནས་ཤིང་ཕྱོགས་ལའང་མི་གནས་ཏེ། ཉོན་མོངས་པ་ནི་བསགས་པའང་མེད། ཕུང་།
115a2 པོའི་དངོས་པོའང་མེད་དོ།། ཚུལ་བཞིན་མ་ཡིན། མ་བྱུང་བས་ཉོན་མོངས་པ་བྱུང་ངོ་།། ཚུལ་བཞིན་བྱུང་བས་རྣམ་པར་དག་པ་བྱུང་ངོ་།། དེ་ལ་དེ་ལྟར་ཀུན་ནས་ཉོན་མོངས་པ་འབྱུང་བ་དེ་ཚུལ
115a3 བཞིན་བརྟགས་ན། རྣམ་པར་དག་པ་འབྱུང་བར་འགྱུར་རོ།། ངས་འདི་ལས་དགོངས་ཏེ། ལོག་པར་ལྟ་བ་ལ་ལོག་པར་ལྟ་བར་ཡང་དག་པར་ཇི་ལྟ་བ་བཞིན་དུ་ཤེས་ན། དེ་དེའི་ཡང་དག་པར་ལྟ་བ
115a4 ཡིན་ནོ་ཞེས་ཚིག་འདི་སྨྲས་སོ། ། ནམ་ཡང་ལྡོག་པར་ལྟ་བ་ནི་ཡང་དག་པའི་ལྟ་བར་མ་གྱུར། མི་འགྱུར། འགྱུར་བ་མེད་དོ།། འོན་ཀྱང་ཇི་ལྟར་ལོག་པར་ལྟ་བ་ལ་ལོག་པར་ལྟ་བར་རིག་ནས།
115a5 དེ་ལ་མི་གནས། རབ་ཏུ་མི་གནས། སྤྱོད་པ་མེད། རབ་ཏུ་སྤྱོད་པ་མེད་པ་དེ་ན་ཡང་དག་པར་ལྟ་བའི་ལམ་ལ་འཇུག་པ་སྟེ། འདི་ནི་ཡང་དག་པའི་ལྟ་བ་ཞེས་བྱའོ།། ཀྱེ་གྲོགས་པོ་དག་ཉོན་མོང།
115a6 པ་ནི་སྒྲིབ་པར་བྱེད་པའོ།། རྣམ་པར་དག་པ་ནི་སྣང་བའོ།། ཉོན་མོངས་པ་ནི་ཉམ་ཆུང་བའོ།། ལྷག་མཐོང་ནི་སྟོབས་དང་ལྡན་པའོ།། ཉོན་མོངས་པ་ནི་གློ་བུར་ཏོ།། རང་བཞིན་ནི་རྩ་བ་རྣམ་པར
115a7 དག་པའོ། ། ཉོན་མོངས་པ་ནི་ཀུན་ཏུ་རྟོགས་པའོ།། རང་བཞིན་ནི་ཀུན་ཏུ་རྟོགས་པ་མེད་པའོ།། ཀྱེ་གྲོགས་པོ་དག་འདི་ལྟ་སྟེ། དཔེར་ན་ས་ཆེན་པོ་འདི་ནི་ཆུ་ལ་རྟེན་ཏོ།། ཆུ་ནི་རླུང་ལ་རྟེན་ཏོ།།
iiif viewer powered by OpenSeadragon
114b - 115b