| | e-texts navigator
|
114b1 ངག་ཐམས་ཅད་ངོ་མཚར་དུ་གྱུར་ནས། འདི་ལྟར་བདུད་ཀྱི་ལས་དེ་སྙེད་བགྱི་ཀྱང་། དེ་བཞིན་གཤེགས་པ་མཐོང་བ་དོན་ཡོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མྱ་ངན་ལས་འདའ
114b2 བར་འགྱུར་བ་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ལེགས་པར་གསུངས་པའི་ཆོས་འདུལ་བ་ངོ་མཚར་ཏོ།། བཅོམ་ལྡན་འདས་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་སུ་ཞིག་གང་ཟག
114b3 ལ་གང་ཟག་གིས་ཚོད་བཟུང་། བཅོམ་ལྡན་འདས་སངས་རྒྱས་ཀྱི་ཡུལ་འདི་ནི། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་ལེགས་སོ་ཞེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ།། བཅོམ་ལྡན
114b4 འདས་ཀྱིས་བཀའ་སྩལ་པ། དེ་དེ་བཞིན་ནོ།། གྲོགས་པོ་དག་ཇི་སྐད་སྨྲས་པ་བཞིན་ཏེ། འདི་ནི་སངས་རྒྱས་ཀྱི་ཡུལ་ལོ།། འོན་ཀྱང་གྲོགས་པོ་དག་སེམས་ནི་རྟེན་ཅིང་འབྲེལ་པར་བྱུང
114b5 བ་སྟེ། ངས་སེམས་ཅན་འདི་དག་ཆགས་པས་གོམ་པ་འདེག་ཅིང་ཆགས་པ་དང་བྲལ་བས་གོམ་པ་འཇོག་པ་དང་། ཀུན་ནས་ཉོན་མོངས་པས་ཆོས་གོས་འཛིན་པ་དང་། ཉོན་མོངས་པ
114b6 དང་བྲལ་བར་གྱོན་པ་དང་། ལེན་པ་དང་བཅས་པས་ཟན་ཁམ་གྱིས་གཅོད་པ་དང་། ལེན་པ་མེད་པར་མིད་པ་མཐོང་སྟེ། ཀྱེ་གྲོགས་པོ་དག་སེམས་ཅན་གྱི་སྤྱོད་པ་ནི་སྣ་ཚོགས་སོ།། མཆོ
114b7 སྨོས་པས་གོ་བ་དང་། སྤྲོས་ཏེ་བཤད་པས་གོ་བ་དང་། ཚིག་ལྷུར་ལེན་པའི་སེམས་ཅན་དག་ཡོད་དེ། དེ་དག་ལ་དེ་བཞིན་གཤེགས་པ་སོ་སོ་ཅི་རིགས་པར་ཆོས་ལ་གཟུད་པར་བསྟན་པའི
iiif viewer powered by OpenSeadragon
114a - 115a