| | e-texts navigator
|
113a1 འདས་དེའི་དུས་ན་འཛུམ་པ་མཛད་པ་དང་། འཛུམ་པ་དེའི་དོན་ཚེ་དང་ལྡན་པ་ཀུན་དཀའ་བོས་བཅོམ་ལྡན་འདས་ལ་ཞུས་ནས། དེ་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
113a2 ཀུན་དགའ་བོ་བདུད་ཀྱི་བུ་ལྔ་བརྒྱ་པོ་འདི་དག་འཇིགས་ཤིང་སྐྲག་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ངོ་།།
113a3 བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ནམ་བདུད་སྡིག་ཅན་དེ་བྱང་ཆུབ་ཐོབ་པར་འགྱུར་བ་དེ་ན། སངས་རྒྱས་ཀྱི་ཞིང་དེར་དེ་དག་ཐམས་ཅད་ཀྱང་མིང་ཐ་དད་པའོ་བྱང་ཆུབ་སེམས
113a4 དཔར་འགྱུར་རོ། ། དེ་ནས་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཇི་སྲིད་ན་བདུད་སྡིག་ཅན་བླ་ན་མེད་པ་ཡང་དག་པར་རྫོགས་པའི
113a5 བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ། དེ་བྱང་ཆུབ་ཐོབ་ནས་མིང་ཇི་སྐད་ཅེས་བགྱི་བར་འགྱུར། དེའི་འཇིག་རྟེན་གྱི་ཁམས་ཀྱང་མིང་ཅིང་ཞེས་བགྱི་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ
113a6 པ་ཀུན་དགའ་བོ་བདུད་སྡིག་ཅན་འདི་དེ་དུང་ཡང་། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་རྣམས་སུ་བདུད་ཀྱི་བྱ་བ་བྱེད་དེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་ཀྱང་རྡོ་རྗེའི་སྙིང་པོ་ཉོན་མོང
113a7 པ་རབ་ཏུ་འཇོམས་པའི་ཆོས་བསྟན་པ་འདི་ཐོས་པར་འགྱུར་ཞིང་། སངས་རྒྱས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོ་ག་གསང་བ་དང་། སྤྱོད་ལམ་དང་། ཡོན་ཏན་དང
iiif viewer powered by OpenSeadragon
112b - 113b