e-texts navigator
Collection
Volume
Page
Wylie

112b1 ཀླེ་ཤཱ་པ་ཀ་རི་ཥཾ། བུད་དྷཱ་དྷི་ཤྩི་ཏེ། དྷ་མོ་ར་ཛྭ་ལ་ནི། སང་བྷཱ་ནུ་ག་མེ། ཨ་ནུད་དྷ་རེ། ཨ་ན་ཏི་ཀྲ་མ་ནི་ཡཻ། ནི་ཀྲ་ཧ་ནི་མཱ་ར་བག་ཀཱ་སྱ། ཡུག་ཏི་ཀྲྀ་ཏེ། ཨ་དན་ཏེ། ཨ་ཤ་སྟེ། སྭ་བི་ཤ
112b2 ཡ་ནུ་ག་མེ། ཨཱརྱ་གུ་ན་གེ་ར། སིད་མཱ་སིད་དྷ་བ་དེ། མོ་ཀྵ་ནུ་ཀུ་ལེ། ནི་གྲ་ཧ་ནི། བ་ར་པྲ་བཱ་དི་ནན། དྷ་ར་ཥ་ན་ནི་མ་ར་པ་ར་ཥ་ད། ཨ་བྷི་ཥིནྣ་ཏུ་ཙ་ཏཱ་རོ་མ་ཧཱ་ར་ཛཱ་ན། ཤ་ཀྲོ་ད་བཱ་ན་མན་པྲེ
112b3 བྲཧྨ་ས་ཧ་པྲ་ཏི། བུད་དྷ་པྲ་སན་ནཱ། དེ་བ་ནཱ་ག་ཡ་ཀྵ་ཀྲི་ཏ་མ་པ་རི་ཏཱ་ཎཱ་ན། སྠཱ་བི་ཏ་ན་སྭ་སྱཱ་ཡཱ་ནན། དྷརྨ་བྷཱ་ཎ་ཀཱ་ནཱན། ཨཱ་ར་ཀྵ་ཡེ། སད་དྷརྨ་སྱ་ཙ་པ་རི་གྲ་ཧ་ཡེ། དེ་ནས་བྱང་ཆུབ་སེམས་དཔའ
112b4 ནམ་མཁའ་མཛོད་ཀྱིས་རིག་པའི་གསང་སྔགས་ཀྱི་ཚིག་འདི་དག་སྨྲས་མ་ཐག་ཏུ་སྐད་ཅིག་དེ་ཉིད་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམ་པ་དྲུག་ཏུ་གཡོས་སོ། ། བདུད་ཀྱི་བུ་ལྔ་བརྒྱ་མ་དད
112b5 ཅིང་ཆོས་མ་ཡིན་པ་འདོད་པ་དེ་དག་གིས་བར་སྣང་ལས་སྒྲ་འདི་སྐད་ཅེས་བདུད་དང་བདུད་ཀྱི་བུ་འམ། བདུད་ཀྱི་ལྷ་གང་རིག་པའི་གསང་སྔགས་ཀྱི་ཚིག་འདི་དག་ཐོས་ནས། བྱང་ཆུབ་ཏུ་སེམས་མི་སྐྱེད་ཅིང
112b6 བདུད་ཀྱི་ལས་རྣམས་མོ་འདོར་བ་དེ་ལ་གནོད་སྦྱིན་ལག་ན་རྡོ་རྗེས། རྡོ་རྗེ་ཀུན་ཏུ་འབར་ཞིང་རབ་ཏུ་འབར་བས་སྤྱི་བོ་འགེམས་སོ་ཞེས་ཐོས་ནས། བདུད་ཀྱི་བུ་དེ་དག་གིས་བར་སྣང་ལ་བལྟས་པ་དང་།
112b7 དེ་དག་གིས་ལག་ན་རྡོ་རྗེ་ལྔ་བརྒྱ་བདག་གི་སྤྱི་བོ་ན་རབ་ཏུ་འབར་བའི་རྡོ་རྗེ་ཐོགས་ཤིང་འདུག་པ་མཐོང་ནས། དེ་དག་འཇིགས་ཤིང་སྐྲག་སྟེ། བྱང་ཆུབ་ཏུ་སེམས་བསྐྱེད་དོ།། དེ་ནས་བཅོམ་ལྡན




iiif viewer powered by OpenSeadragon

112a - 113a

Texts on this page

S160 - 'phags pa nam mkha' mdzod kyis zhus pa zhes bya ba theg pa chen po'i mdo