| | e-texts navigator
|
112a1 ལོངས་སྤྱོད་དེ་གང་ཡང་མེད་པ་མ་ཡིན་ནོ། ། སྨྲས་པ། སྡིག་ཅན་ཁྱོད་ནམ་མཁའི་མཛོད་འདི་དག་ཐམས་ཅད་སྦྱིན་གྱིས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ
112a2 སེམས་སྐྱེད་ཅིག། དེ་ནས་བདུད་སྡིག་ཅན་གྱིས་སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་དང་ལྷན་ཅིག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། དེའི་ཚེ་བཞིན་མི་སྡུག་ལ་སོགས
112a3 པ་བདུད་ཀྱི་བུ་ལྔ་བརྒྱ་མ་དད་ཅིང་ཆོས་མ་ཡིན་པ་འདོད་པས་དེ་དག་ཚིག་འདི་སྐད་ཅེས་བདག་ཅག་གི་ཕས་བྱང་ཆུབ་ཏུ་སེམས་བསྐྱེད་དུ་ཟིན་ཀྱང་། བདག་ཅག་ནི་འདི་ལྟ་བུའི་ཆོས་ཀྱི་རྣམ་གྲངས་ནུབ་པར
112a4 བྱ་བའི་ཕྱིར་འབད་པར་བྱའོ་ཞེས་འཛེར་ཏོ། ། དེའི་ཚེ་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ལ་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ཀྱིས་རིག་པའི་གསང་སྔགས་ཀྱི
112a5 ཚིག་གང་གིས་བདུད་གངྒཱའི་ཀླུང་གི་བྱེ་མ་སྙེད་བྱང་ཆུབ་ལ་བཀོད་པ་བདུད་ཚར་གཅོད་པའི་རིག་པའི་གསང་སྔགས་ཀྱི་ཚི་ག་ལ་ཁྱོད་སྤོབས་པར་གྱིས་ཤིག། དེ་ནས་བྱང་ཆུབ་སེམས་དཔའ་ནམ་མཁའ
112a6 མཛོད་ཀྱིས་དེའི་ཚེ་རིག་པའི་གསང་སྔགས་ཀྱི་ཚིག་འདི་དག་སྨྲས་སོ། ། འདི་ལྟ་སྟེ། ཨཱ་བད་ཊེ། བི་བད་ཊེ། ས་མ་བད་ཊེ། ས་ཧི་ཏཱ་ནུ་སན་དྷི། དུ་རུད་ཏཱ་ར་ཎེ། ནིརྒ་ཏ་ནི། མེ་དྷྱ་ཡུག་ཏེ།
112a7 ཀཱ་རུ་ཎཱ་ནི་ཥྱཿདེ། སད་ཏྱ་བ་ཏི། ཊུ་རུ་ཏ་ར་ཀྵེ། དྷམ་ནིར་བྲིད་ཏེ། དྷ་མ་ར།། མུག་ཁྲེ་ལི་ནི། ཧུ་ལུ་ཧུ་ལུ་ཧུ་ལུ་ཧུ་ལུ། ཧུ་ལུ། ཏེ་ཀ་རེ། ཏཐ་བ་ད~ཾ་ཏི། ཤཱི་ལཱ་ནུ་བར་ཏཾ། ཨཀྵ་ས་ནི་དན
iiif viewer powered by OpenSeadragon
111b - 112b