e-texts navigator
Collection
Volume
Page
Wylie

109b1 གང་ཆོས་ཐམས་ཅད་མི་མཐོང་བ་དེ་ནི་ཡང་དག་པར་མཐོང་བའོ།། ཡང་དག་པར་མཐོང་བ་ནི་སངས་རྒྱས་མཐོང་བའོ།། དེ་ལ་སངས་རྒྱས་མཐོང་བ་དེ་ནི་གང་ཡིད་ལ་བྱེད་པ་ཐམས་ཅད་མི་སྤྱོད།།
109b2 པའོ།། གང་མི་འགྱུར་བར་མཐོང་བ་དེ་ནི་འདོད་ཆགས་དང་བྲལ་བའོ།། གང་འདོད་ཆགས་བྲལ་བ་དེ་ནི་ཆོས་མཐོང་བ་ཞེས་བྱ་སྟེ། གང་བྱང་ཆུབ་སེམས་དཔའ་དེ་ལྟར་སངས་རྒྱས་མཐོང་བ་དང་།
109b3 ཆོས་མཐོང་བ་དང་ལྡན་པར་གྱུར་པ་དེ་ནི་བདུ་ཀྱི་ཡུལ་ལས་ཡང་དག་པར་འདའ་སྟེ། དེ་ནི་བདུད་ཀྱི་ཡུལ་ལས་ཡང་དག་པར་འདའ་བ་ཞེས་བྱ་བའི་ཆོས་ཀྱི་སྒོའོ།། བྱང་ཆུབ་སེམས་དཔའ་མིག
109b4 འཁྲུལ་ཅན་གྱིས་སྨྲས་པ། བདུད་ཀྱི་ལས་ནི་གཡོ་བ་དང་། སྙེམས་པ་དང་། བསྐྱོད་པ་ལས་ལངས་ཏེ། དེ་ལ་གང་གི་གཞི་ལས་གཡོ་བ་དང་། སྙེམས་པ་དང་། བསྐྱོད་པའི་གཞི་དེ་བྱང
109b5 ཆུབ་སེམས་དཔས་མི་བྱའོ། ། དེ་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའོ།། དེ་ཚུལ་བཞིན་རབ་ཏུ་སྦྱོར་བས་མི་གཡོ།། མི་སྙེམས། མི་བསྐྱོད་ངོ་།། དེ་མི་གཡོ།། མི་སྙེམས། མི་བསྐྱོད་པས
109b6 བདུད་ཀྱི་ཡུལ་ལས་ཡང་དག་པར་འདའ་འོ། ། བྱང་ཆུབ་སེམས་དཔའ་ཡོན་ཏན་རྒྱལ་པོ་སྣང་གིས་སྨྲས་པ། གཉེན་པོ་ཇི་སྙེད་པར་བདུད་ཀྱི་ལས་ཀྱང་དེ་སྙེད་དོ།། གཉེན་པོ་མེད་པ་ནི་ཆོས་ཀྱི
109b7 དབྱིངས་སོ། ། ཆོས་ཐམས་ཅད་ནི་ཆོས་ཀྱི་དབྱིངས་སུ་ཡང་དག་པར་འདུ་སྟེ། དེ་བས་ན་གང་གིས་ཆོས་ཀྱི་དབྱིངས་རྟོགས་པ་དེས་ཆོས་ཐམས་ཅད་རྟོགས་སོ།། ཆོས་ཀྱི་དབྱིངས་ལས་མགུ་ནའང




iiif viewer powered by OpenSeadragon

109a - 110a

Texts on this page

S160 - 'phags pa nam mkha' mdzod kyis zhus pa zhes bya ba theg pa chen po'i mdo