| | e-texts navigator
|
108b1 སེམས་དཔའ་ནི་བདུད་ཀྱི་ཡུལ་ལས་ཡང་དག་པར་འདའ་འོ། ། བྱང་ཆུབ་སེམས་དཔའ་དཀོན་མཆོག་འབྱུང་གནས་ཀྱིས་སྨྲས་པ། གང་དགའ་བ་དེ་ནི་བག་ལ་ཉལ་ལོ།། གང་མི་དགའ་བ་དེ་ནི།
108b2 ཁོང་ཁྲོ་བའོ།། གང་དགའ་བའང་མེད། མི་དགའ་བའང་མེད་པ་དེ་ནི་རྗེས་སུ་ཆགས་པར་མི་འགྱུར། ཞེས་འགྲས་པར་ཡང་མི་འགྱུར་རོ།། རྗེས་སུ་ཆགས་པ་མེད་ཅིང་ཞེ་འགྲུས་པ་མེད་པ་ནི
108b3 མཉམ་པ་ཉིད་ལ་གནས་པ་ཞེས་བྱའོ། ། གང་མཉམ་པ་ཉིད་ལ་གནས་པ་དེ་ནི་ཆོས་གང་ཡང་ཐ་དད་དུ་མི་བྱེད་དོ།། ཐ་དད་པ་མེད་པ་ལ་གནས་པ་ནི་མཉམ་པ་དང་མི་མཉམ་པར་མི་སེམས་ཏེ།
108b4 བསམ་དུ་མེད་པའི་ཆོས་ཐོབ་པ་ལ་བདུད་ཀྱིས་གླགས་མི་རྙེད་དོ།། བྱང་ཆུབ་སེམས་དཔའ་རིན་ཆེན་འདོད་ཀྱིས་སྨྲས་པ། བདག་ཀུན་ནས་ལྡང་བ་ལས་བདུད་ཀྱིས་ལས་རྣམས་ལྡང་སྟེ། བདག
108b5 རྣམ་པར་དག་པར་གནས་པ་ལ་བདུད་ཀྱིས་ཅི་ཞིག་བྱར་ཡོད། དེ་ཅིའི་ཕྱིར་ཞེ་ན། བདག་རྣམ་པར་དག་པས་ཉོན་མོངས་པ་རྣམ་པར་དག་གོ། ཉོན་མོངས་པ་རྣམ་པར་དག་པས་ཆོས་ཐམས་ཅད་རྣམ
108b6 པར་དག་གོ། ། གང་ཆོས་ཐམས་ཅད་རྣམ་པར་དག་པ་དེ་ནི་ནམ་མཁའ་རྣམ་པར་དག་པ་སྟེ། ནམ་མཁའ་རྣམ་པར་དག་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་བདུད་ཀྱི་ཡུལ་ལས་ཡང་དག་པར
108b7 འདའ་འོ། ། བྱང་ཆུབ་སེམས་དཔའ་ཆོས་ཀྱི་རྒྱལ་པོས་སྨྲས་པ། ཇི་ལྟར་རྒྱལ་པོའི་དབང་བསྐུར་བ་ཐོབ་པ་སྟོབས་དང་འཁོར་མང་པོ་སུ་ལའང་མི་འཇིགས་པ་དེ་བཞིན་དུ། བྱང་ཆུབ་སེམས
iiif viewer powered by OpenSeadragon
108a - 109a