| | e-texts navigator
|
368b1 རྟེན་མགོན་གྱིས་གྲོལ་བར་མཛད། ། མི་མཆོག་ཐུགས་ནི་བརྩེར་དགོངས་ཏེ།། བསོད་སྙོམས་འདི་ནི་བཞེས་པར་མཛད།། བདག་གི་གདུགས་ཚོད་འདི་དག་ནི།། གྲོལ་བར་མཛད་ནས་དེང
368b2 བཞེངས་ལ། ། སང་ནི་བདག་གི་ཕ་མ་ཡི།། སྡུམ་པར་འདྲེན་པས་བརྩེར་དགོངས་ཏེ།། དགེ་སློང་ཀུན་དང་ཐབས་ཅིག་ཏུ།། གདུགས་ཚོད་དག་ནི་གསོལ་བར་མཛད།། བཅོམ་ལྡན་འདས
368b3 ཅང་མི་གསུང་བར་གྱུར་པས། ཁྱེའུ་ཤེས་ལྡན་གྱིས་གསོལ་བ་ཀ་ནང་ངོ་།། དེ་ནས་ཁྱེའུ་ཤེས་ལྡན་བཅོམ་ལྡན་འདས་ཅང་མི་གསུང་བར་གནང་བར་རིག་ནས། ཕ་མ་ག་ལ་བ་དེར་སོང་སྟེ། 5
368b4 མ་ལ་འདི་སྐད་ཅེས་སྨྲས་སོ། ། ཡ་བ་ཡུམ་བདག་གིས་ནི་བཅོམ་ལྡན་འདས་ལ་བསོད་སྙོམས་ཕུལ་ལགས་ཏེ། སང་ཡང་གདུགས་ཚོད་ལ་སྤྱན་དྲངས་སོ།། དེ་ནས་ཁྱེའུ་ཤེས་ལྡན་གྱི་ཕ་མ
368b5 མགུ་ཞིང་དགའ་ལ། ཡི་རངས་ཤིང་རབ་ཏུ་དགའ་སྟེ། དགའ་བ་དང་ཡིད་བདེ་བ་སྐྱེས་ནས། དེའི་མཚན་མོ་བཟའ་བ་དང་བཅའ་བ་རོ་དང་ལྡན་པ་ཞིམ་པ་མང་པོ་མངོན་པར་བཤམས་ནས། ཡངས
368b6 པའི་གྲོང་ཁྱེར་ཆེན་པོ་ཐམས་ཅད་ཕྱག་བདར་བྱས་ཏེ། དར་གྱི་ལྡ་ལྡི་བཏགས། པོག་ཕོར་ནས་སྤོས་ཀྱིས་བདུགས། སྤོས་ཆུས་ཆག་ཆག་བཏབ། མེ་ཏོག་གིས་མཛེས་པར་བཀྲམ་སྟེ། དེའི
368b7 མཚན་མོ་འདས་ནས་དུས་ལ་བབ་པ་དག། བཅོམ་ལྡན་འདས་གལ་བ་དེར་སོང་སྟེ། བཙུན་པ་བཅོམ་ལྡན་འདས་གདུགས་ཚོད་ལ་བབ་སྟེ། གདུགས་ཚོད་སྤུར་ལགས་སོ་ཞེས་གསོལ་ཏོ།། དེ་ནས
iiif viewer powered by OpenSeadragon
368a - 369a