e-texts navigator
Collection
Volume
Page
Wylie

300a1 བསྐལ་པ་མང་པོར་སྟོང་གསུམ་ཞིང་འདེག་ཅིང་།། ཏིང་འཛིན་མངོན་ཤེས་སྤོབས་པ་རབ་ཐོབས་ལ།། ཐོས་པས་མི་འཁྲུགས་རྒྱ་མཚོ་འདྲ་བ་ཡིན།། དེ་དག་རྒྱལ་བ་མཆོད་ཕྱིར་རྫུ
300a2 འཕྲུལ་གྱིས། ། བྱེ་བ་དཔག་མེད་ཞིང་དུ་སྐད་འགས་འདོང་།། དོང་ནས་སངས་རྒྱས་བྱེ་སྙེད་མངོན་མཆོད་ཅིང་།། བརྟན་རྣམས་ཕྱིར་ཡང་སྐད་འགས་ལྡོག་པར་བྱེད།། བདག་ཏུ་འདུ་ཤེས་སངས་རྒྱས་འདུ
300a3 ཤེས་མེད། ། ནིང་དུ་འདུ་ཤེས་སེམས་ཅན་འདུ་ཤེས་མེད།། སྨོས་པ་སྣ་ཚོགས་ཀུན་གྱིས་མགོས་ཤིང་།། སེམས་ཅན་ཚོགས་ཆེན་རྣམས་ཀྱི་དོན་ཀྱང་བྱེད།། དགྲ་ཐུ་དེ་དང་བྱང་ཆུབ་སེམས་དཔའ་དང་།
300a4 དེ་བཞིན་དགེ་སློང་དགེ་འདུན་ལྟ་འདོད་ཅིང་།། ཐུབ་དབང་དྲུང་ནས་ཆོས་མཆོག་ཉན་འདོད་ན།། ཚལ་ཆེན་གང་ན་སྟོན་ཏེ་བཞུགས་པར་སོང་།། དེ་ནས་བུ་མོ་ཟླ་མཆོག་པདྨ་དེ་ཉིད་དང་།།
300a5 དེ་བཞིན་གཤེགས་པའི་སྐུ་ཇི་ལྟར་བཞུགས་པ་དེ་ཉིད་ཐོགས་བཞིན་དུ།། ཁང་བཟངས་ཀྱི་སྟེང་དེ་ནས་བབས་ནས། རང་གི་ཕ་མ་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། རང་གི་ཕ་མ་ལ་ཚིགས་སུ་བཅད་དེ་སྨྲས
300a6 པ། ཡང་གཟིགས་ངན་དུའི་སུག་པ་ལག་པ་ན།། པདྨ་གསེར་སྡོང་མཛེས་པ་ཡིད་དུ་མཆི།། སྐྱེས་བུ་དམ་པའི་སྐུལ་གཟིགས་ཤིག་ཡུམ།། མཐོང་ན་སུ་ཞིག་དེ་ལ་སྐྱབས་མི་མཆི།། རང་གི་གནས
300a7 ཀུན་གསེར་མདོག་འདྲ་བ་འི། ། འོད་ཀྱིས་གསལ་བར་བདག་གིས་མཐོང་ལགས་ཡུམ།། སྐད་ཙོག་ལ་ཡང་དུ་མར་མདོག་འཐུར་བས།། སྐུ་ཡི་ཚད་ནི་གཟུང་བར་རྔོ་མ་ཐོག། དེ་སླད་རྒྱལ་བའི་སྤྱན་སྔར




iiif viewer powered by OpenSeadragon

299b - 300b

Texts on this page

S150 - 'phags pa da ltar gyi sangs rgyas mngon sum du bzhugs pa'i ting nge 'dzin zhes bya ba theg pa chen po'i mdo