e-texts navigator
Collection
Volume
Page
Wylie

299a1 ཞིང་སྟོང་དང་། ། བརྒྱ་དང་ཁྲག་ཁྲིག་སྙེད་རྣམས་དག། ལྗགས་ཀྱིས་རབ་ཏུ་ཁྱབ་མཛད་པ།། དེ་ཕྱིར་སངས་རྒྱས་ཞེས་བརྗོད་དོ།། ནིང་རྣམས་བྱེ་བ་སྟོང་ཕྲག་ནི།། ཀངྐའི་བྱེ་མ་སྙེད
299a2 དག་ཏུ། ། དབྱངས་ཀྱིས་གོ་བར་མཛད་པས་ན།། དེ་ཕྱིར་སངས་རྒྱས་ཞེས་བརྗོད་དོ།། འདྲེན་པས་ཕྱག་ནི་ལཡ་ཅིག་གིས།། ཞིང་རྣམས་བྱེ་སྙེད་བླངས་མཛད་ཅིང་།། བསྐལ་པ་བྱེ་བར་དེ་བཞུགས་པས།
299a3 དེ་ཕྱིར་སངས་རྒྱས་ཞེས་བརྗོད་དོ།། ཞིང་རྣམས་སྟོང་ཕྲག་བྱེ་སྙེད་ན།། རི་བོ་ལྷུན་པོ་ཇི་སྙེད་པ།། སྐྲ་ཉག་གཅིག་གིས་དེ་སྔ་མས་ཤིང་།། ཞིང་རྣམས་བྱེ་བར་འཕན་མཛད་ལ།། ཆོས་རྣམས་ཀུན
299a4 ལ་རང་བྱུང་ཞིང་། ། གསན་ནས་གོ་འཕང་མཆོག་བརྙེས་ལ།། སེམས་ཅན་བཅིངས་པ་རྣམ་འགྲེལ་པས།། དེ་ཕྱིར་སངས་རྒྱས་ཞེས་བརྗོད་དོ།། དབང་ལྡན་གྱུར་ཅིང་སྟོབས་བཅུ་ལྔ།། མི་བསྙེངས
299a5 རྟོགས་པར་ཐུགས་སུ་ཆུད། ། སངས་རྒྱས་ཆོས་ལ་ནམ་ནུར་མེད།། དེ་ཕྱིར་སངས་རྒྱས་ཞེས་བརྗོད་དོ།། དབུ་ཡི་གཙུག་ཏོར་བལྟར་མི་མཐོང་།། སྤྱན་ལྔ་དག་དང་ལྡན་པ་དང་།། སྟོབས་དང་དབང་པོ་ལྔ
299a6 མཔར་ཞིང་། ། བྱང་ཆུབ་ཡན་ལག་ལམ་ལ་གནས།། ངང་ཚུལ་བཟང་ཞིང་འགྲོགས་ན་བདེ།། ཞི་ཞིང་དུལ་ལ་བླ་ན་མེད།། གཡོ་མེད་དྲང་པོ་གསལ་བ་སྟེ།། དེ་བྱར་སངས་རྒྱས་ཞེས་བརྗོད་དོ།། དེ་ནི་རྟག
299a7 དུམཉམ་པན་གཙང་། ཁྲེལ་ག་མེང་བ་མིམ་པ་ལ།། སེམས་ཅན་དོན་གྱིས་དུས་སུ་གསུང་།། དཔྱིར་སངས་རྒྱས་ཞེས་བརྗོད་དོ།། ཡོན་པ་ན་དང་འོགས་ལྡན་ནོང་།། དོན་འགྲོ་བའི་མཆོད་རྟེན་ཏེ།།




iiif viewer powered by OpenSeadragon

298b - 299b

Texts on this page

S150 - 'phags pa da ltar gyi sangs rgyas mngon sum du bzhugs pa'i ting nge 'dzin zhes bya ba theg pa chen po'i mdo