| | e-texts navigator
|
298b1 ཁྱོད་འདིར་སངས་རྒྱས་མཚན་གསུངས་ན།། དེའི་མདོག་རྟགས་དང་དབྱིབས་མི་གསུང་།། སངས་རྒྱས་རུང་སྤྱོད་གང་དང་མཐུ།། མི་མཉམ་མཛད་སྤོབས་འདིར་གསུངས་ཤིག། དེ་ནས་དེ་བཞིན
298b2 གཤེགས་པའི་སྐུ་དེས། ། བུ་མོ་ཟླ་མཆོག་ལ་ཕྱིར་ཚིགས་སུ་བཅད་དེ་བཀའ་སྩལ་པ། དེ་ནི་སྐུ་མདོག་གསེར་འདྲ་ཞིང་།། མཚན་མཆོག་སུམ་ཅུ་རྩ་གཉིས་མངའ།། སེམས་ཅན་ཀུན་གྱི་མཆོད་རྟེན་ཏེ།།
298b3 དེ་ཕྱིར་སངས་རྒྱས་ཞེས་བརྗོད་དོ།། བྱེད་ལྡན་སེམས་ཅན་རྣམས་ཀྱི་ནི།། སྤྱོད་པ་མཆོག་དང་དམན་པ་དག། ཐུགས་གཅིག་གིས་ནི་རྟོགས་མཛད་དེ།། དེ་ཕྱིར་སངས་རྒྱས་ཞེས་བརྗོད་དོ།། ཆོས་ཀུན
298b4 རྣམ་པ་ཐམས་ཅད་དུ། ། དེས་ནི་མི་མཁྱེན་ཅུང་ཟད་མེད།། ཡེ་ཤེས་ཀུན་གྱི་ཕ་རོལ་བྱོན།། དེ་ཕྱིར་སངས་རྒྱས་ཞེས་བརྗོད་དོ།། དེས་ནི་སེམས་ཅན་ཀུན་གྱི་སེམས།། ཐུགས་གཅིག་གིས་ནི་རྟོགས
298b5 གྱུར་ཀྱང་། ། ཀུན་གྱི་སེམས་ལ་ནམ་དུ་ཡང་།། རློམ་པ་མི་མངའ་གཞན་དུ་ན།། སངས་རྒྱས་སྤྱོད་པ་སྦྱིན་པས་འཕགས།། ཚུལ་ཁྲིམས་སྤྱོད་པས་མཐོར་འཕགས་ཤིང་།། བཟོད་དང་བརྩོན་པས།།
298b6 མངོན་འཕགས་ལ།། བསམ་གཏན་ཤེས་རབ་ཡང་དགའ་ཕགས།། བཟོ་རྣམས་ཐམས་ཅད་ལེགས་བསླབས་པས།། དེས་ནི་མི་མཁྱེན་ཅུང་ཟད་མེད།། བྱམས་དང་ཐུགས་རྗེ་ཕུན་སུམ་ཚོགས།། དེ
298b7 ཕྱིར་སངས་རྒྱས་ཞེས་བརྗོད་དོ། ། གང་གིས་བླ་མེད་འཁོར་ལོ་ཡི།། ཆོས་ཀྱི་འཁོར་ལོ་རབ་བསྐོར་ཅིང་།། ཞིང་རྣམས་བྱེ་བ་རྣམ་རིག་ལ།། བདག་མེད་རབ་ཏུ་བསྟན་མཛད་ཅིང་།། གང་གིས་སངས་རྒྱས
iiif viewer powered by OpenSeadragon
298a - 299a