e-texts navigator
Collection
Volume
Page
Wylie

297b1 རྒྱལ་བུ་རྣམས་དང་། ལས་མིའོ་བར་དག་ཀྱང་ཤིན་ཏུ་ཁྲུས་བྱས་ཤིང་ལུས་ལེགས་པར་བྱུགས་ཏེ། གོས་བཟང་པོ་བགོས་ཤིང་། རྒྱན་སྣ་ཚོགས་ཀྱིས་ལུས་བརྒྱན་ནས། རང་རང་གི་གཡོག་འཁོར་རྣམས་ལ
297b2 ཁྱེད་ཅག་སྒྲིམས་ཤིག། གལ་ཏེ་བུ་མོ་ཟླ་མཆོ་ག་འོ་བུ་ཅག་གི་གན་དུ་རང་མི་འོང་བལྟན། དེའི་ཕྱིར་མཐུས་དྲོངས་ལ་ཕྲོགས་ཤིག་ཅེས་སྐུལ་བར་བྱེད་དོ།། དེ་ལྟར་ཞག་བདུན་འདས་པ་དང་། སྐྱེ་བོ་ཕལ་པོ་ཆེ
297b3 དད་ངོ་མཚར་དུ་འཛིན་པར་གྱུར་ནས། བུ་མོ་ཟླ་མཆོག་བལྟ་བའི་ཕྱིར་འདུས་པར་གྱུར་ཏོ།། དེ་ནས་བུ་མོ་ཟླ་མཆོག་ཉི་མ་དྲུག་པ་ལ་ཟླང་ཉ་བའི་ཚེ། གསོ་སྦྱོང་ཡན་ལག་བརྒྱད་པ་ཡང་བླངས་ཏེ
297b4 མཚན་མོ་མིཉལ་ཙམ་ན་སྟེང་གི་ཁང་བཟངས་ཀྱི་ཐོག་ན་འཆག་ཅིང་འདུག་གོ། དེ་ནས་སངས་རྒྱས་ཀྱི་མཐུས་བུ་མོ་ཟླ་མཆོག་གི་ལག་པ་གཡས་པར་པདྨ་སྡོང་བུ་ནི་གསེར། འདབ་མ་ནི་དངུལ
297b5 ཟེབ་ནི་བཻ་དྷུཪྻ། སྙིང་པོ་ན་རྡོའི་སྙིང་པོ་ལས་བྱས་པའདབ་མ་འགྲམ་ཕྲག་དུ་མ་ཡོད་པ། བལྟན་སྡུག་པ་འོད་གསལ་བཞིག་བྱུང་བར་གྱུར་ཏོ།། པདྨ་དེའི་སྙིང་པོའི་དབུས་ན་དེ་བཞིན་གཤེགས་པའི་སྲས?
297b6 མདོག་གསེར་འདྲ་ལ། གཟི་བརྗིད་འབར་བ། འོད་ཀྱིས་སྣང་བར་མཛད་པ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་སྐུ་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་གཟུགས་མཛེས་པར།
297b7 བྱས་པ། སྐྱིལ་མོ་ཀྲུང་གིས་བཞུགས་པ་ཞིག་ཀྱང་བྱུང་བར་གྱུར་ཏེ། དེ་བཞིན་གཤེགས་པའི་སྐུ་དེའི་འོད་ཀྱིས་ཁྱིམ་དེ་ཐམས་ཅད་སྣང་བས་གསལ་བར་གྱུར་ཏོ།། དེ་ནས་བུ་མོ་ཟླ་མཆོག་གིས་པདྨ




iiif viewer powered by OpenSeadragon

297a - 298a

Texts on this page

S150 - 'phags pa da ltar gyi sangs rgyas mngon sum du bzhugs pa'i ting nge 'dzin zhes bya ba theg pa chen po'i mdo